མི་ཉག་རྡོ་ར་དཀར་མོའི་སློབ་གྲྭ་གསར་བཞེངས་མཛད་ནས་བགྲང་བྱ་བཅུར་ལོན་པའི་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོ་སྤེལ།

ཨོ་རྒྱན་དོན་གྲུབ།        2017-07-13

མི་ཉག་རྡོ་ར་དཀར་མོའི་སློབ་གྲྭ་གསར་བཞེངས་མཛད་ནས་བགྲང་བྱ་བཅུར་ལོན་པའི་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོ།

མི་ཉག་རྡོ་ར་དཀར་མོའི་སློབ་གྲྭ་གསར་བཞེངས་མཛད་ནས་བགྲང་བྱ་བཅུར་ལོན་པའི་རྟེན་འབྲེལ་གྱི་མཛད་སྒོ།


སྤྱི་ཟླ༧པའི་ཚེས༡༢ཉིན་ལ་ཤར་མི་ཉག་གི་ཡུལ་དུ་དགོས་འདོད་ཀུན་འབྱུང་གི་ནོར་བུ་རིན་པོ་ཆེ། མི་ཉག་རྫོགས་ཆེན་སློབ་གྲྭའམ་ཡོངས་གྲགས་སུ་མི་ཉག་རྡོ་ར་དཀར་མོའི་སློབ་གྲྭ་ཞེས་རླུང་རྟའི་རྒྱལ་མཚན་མཁའ་ལ་དར་བཞིན་ཡོད་པའི་མི་ཉག་རིག་པའི་སྐྱེད་ཚལ་འདི་ཉིད་གསར་བཞེངས་མཛད་ནས་བགྲང་ལོ་བཅུར་ལོན་པའི་འཁྲུངས་སྐར་ལ་དགའ་སྟོན་རྟེན་འབྲེལ་གྱི་རིག་རྩལ་བྱེད་སྒོ་ཕུན་སུམ་ཚོགས་པ་ཞིག་སྤེལ་ཡོད་པ་རེད།

མི་ཉག་རྡོ་ར་དཀར་མོའི་སློབ་གྲྭ་གསར་བཞེངས་མཛད་ནས་བགྲང་བྱ་བཅུར་ལོན་པའི་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོ།

ཁུལ་དང་གྲོང་ཁྱེར་རིམ་པའི་འབྲེལ་ཡོད་དབུ་ཁྲིད་དག་སློབ་གྲྭའི་འཁྲུངས་སྐར་དུས་སྟོན་དུ་ཞུགས་པའི་ཚུལ།

 

སློབ་གྲྭ་འདི་ཉིད་ནི་དེ་རིང་ནས་ཡར་བརྩིས་པའི་བགྲང་བྱ་བཅུ་ཡི་སྔ་རོལ་ཞིག་ཏུ། མི་ཉག་ར་བ་སྒང་དུ་སྔར་བྱུང་མ་མྱོང་ལ་ཕྱིས་འབྱུང་དཀོན་པའི་ས་ཆེན་པོའི་སྟེང་གི་རྒྱལ་བའི་སྲས་མཆོག་མི་ཉག་འགྲོ་བའི་མགོན་པོ་མཁན་སྤྲུལ་རྡོ་རྗེ་བཀྲ་ཤིས་མཆོག་གི་ཐུགས་རྗེ་དང་སྨོན་ལམ་དུས་སུ་བབས་ཤིང་། རྒྱལ་ཁབ་ཀྱི་སློབ་གསོའི་དགོངས་དོན་དང་ས་གནས་ཀྱི་སྤྱི་ཚོགས་ལེགས་བཅོས། ཁྱད་པར་དུ་ཤར་མི་ཉག་ཡུལ་གྱི་ཤེས་རྨོངས་གནད་སེལ་ལ་རྐང་བཙུགས་ཏེ་དར་མདོ་གྲོང་ཁྱེར་སློབ་གསོ་ཅུས་དང་མཉམ་འབྲེལ་གྱིས་མི་ཉག་རྡོ་ར་དཀར་མོ་ཞེས་སྣོད་བཅུད་དཔལ་གྱི་ལེགས་ཚོགས་ཀུན་ནས་རྒྱས་ཤིང་བཀྲ་ཤིས་རྟགས་བརྒྱད་ཀྱི་ས་དཔྱད་ཡོངས་སུ་ཚང་བའི་ཡུལ་ཁྱད་པར་བ་འདི་ནས་སློབ་གྲྭ་འདི་ཉིད་གསར་བཞེངས་མཛད་ནས་ཞིང་པའི་སོ་ནམ་དང་འབྲོག་པའི་ནོར་གནག་གི་རྗེས་ནས་མི་ཚེ་སྟོང་ཟད་དུ་འགྲོ་བཞིན་པའི་ཤར་མི་ཉག་གཙོ་བོར་བྱས་པའི་མི་རབས་གསར་པའི་མགོན་མེད་ཀྱི་བྱིས་པ་སུམ་སྟོང་ལྷག་ལ་གནས་འདིའི་ཤེས་རིག་གི་ཞིང་ས་ནས་མི་ཚེ་འོད་ཀྱིས་བསྒྲོན་པའི་མཐུན་རྐྱེན་སྦྱར་ཞིང་སློབ་གྲྭ་འདི་ཉིད་མེད་པ་ནས་ཡོད་པ་དང་ཡོད་པ་ནས་འཐུས་སྒོ་ཇེ་ཚང་དུ་བཏང་སྟེ་དེ་རིང་ནི་བགྲང་བྱ་བཅུར་ལོན་པའི་འཁྲུངས་སྐར་གྱི་བཀྲ་ཤིས་པའི་ཉིན་མོ་དེར་གྱུར།

སློབ་གྲྭའི་འཁྲུངས་སྐར་གྱི་མཛད་སྒོ་རུ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་དམངས་ཆེན་དང་ཁུལ་སྲིད་གྲོས། ཁུལ་ཨུའི་དྲིལ་བསྒྲགས་པུའུ། ཁུལ་འཐབ་ཕྱོགས་གཅིག་གྱུར་པུའུ། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ། ཁུལ་སློབ་གསོ་ཅུས། ཁུལ་ཆོས་ལུགས་ཅུས།  དཀར་མཛེས་ཉིན་རེའི་ཚགས་པར་ཁང་། ཁུལ་བོད་སྨན་ཁང་། ཁུལ་རྒྱང་བསྒྲགས་བརྙན་འཕྲིན་ཁང་སོགས་ཞིང་ཆེན་དང་ཁུལ་རིམ་པའི་ལས་ཁུངས་དང་སློབ་གྲྭ་བཅུ་ལྷག་གི་དབུ་ཁྲིད་དང་། དར་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་དང་གྲོང་ཁྱེར་མི་དམངས་སྲིད་གཞུང་། གྲོང་ཁྱེར་སློབ་གསོ་ཅུས། གྲོང་ཁྱེར་བརྙན་འཕྲིན་ཁང་། གྲོང་ཁྱེར་དྲིལ་བསྒྲགས་པུའུ།  གྲོང་ཁྱེར་འཐབ་ཕྱོགས་གཅིག་གྱུར་པུའུ་སོགས་དར་མདོ་གྲོང་ཁྱེར་གྱི་འབྲེལ་ཡོད་ལས་ཁུངས་ཉི་ཤུ་ལྷག་གི་དབུ་ཁྲིད་སློབ་གྲྭའི་འཁྲུངས་སྐར་གྱི་དུས་སྟོན་དུ་ཞུགས།

ཚོགས་ཐོག་ཏུ་མི་ཉག་རྡོ་ར་དཀར་མོའི་སློབ་གྲྭ་གསར་དུ་ཕྱག་བཏབ་པ་པོ། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། སློབ་གྲྭའི་མཚན་འཛིན་སློབ་གཙོ་མཁན་སྤྲུལ་རྡོ་རྗེ་བཀྲ་ཤིས་མཆོག་གིས་སློབ་གྲྭ་འདི་བཙུགས་པའི་དམིགས་ཡུལ་དང་དགོས་པ། བརྒྱུད་ཟིན་པའི་བགྲང་བྱ་བཅུ་ཡི་གྲུབ་འབྲས་ལ་ཕྱོགས་བསྡོམས་དང་མ་འོངས་པར་བགྲོད་དགོས་པའི་ལམ་བུ་ལ་ཐུགས་ཞིབ་མོས་བགྲོད་སྒྲིག་གི་གསུང་བཤད་གལ་ཆེན་གནང་བ་དང་།  དར་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་འགོ་གཙོ་གཞོན་པ་ཞ་ལི་ནཱ་ཡིས་དར་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་དང་དར་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གཉིས་ཀྱིས་ཚབ་བྱས་ནས་མི་ཉག་རྡོ་ར་དཀར་མོའི་སློབ་གྲྭའི་བགྲང་བྱ་བཅུ་ཡི་འཁྲུངས་སྐར་ལ་རྟེན་འབྲེལ་གྱི་ཤིས་ཚིག་ཕུལ་བས་མ་ཚད་སློབ་གྲྭའི་འདས་ཟིན་པའི་བགྲང་བཅུ་ཡི་གྲུབ་འབྲས་ལ་གདེང་འཇོག་ཚད་མཐོན་པོ་གནང་ཡོད་པ་རེད། སློབ་གཙོ་བདེ་སྐྱིད་གཡང་འཛོམས་ལགས་ཀྱིས་མི་ཉག་རྡོ་ར་དཀར་མོའི་སློབ་གྲྭས་བརྒྱུད་ཟིན་པའི་བགྲང་བྱ་བཅུ་ཡི་དགའ་སྐྱོ་འདྲེས་མའི་ཀྱག་ཀྱོག་གི་ལམ་བུ་ལམ་བུ་རུ་གོང་རིམ་ཏང་སྲིད་གཞུང་གི་འབྲེལ་ཡོད་ལས་ཁུངས་དང་དབུ་ཁྲིད་སོགས་ཀྱིས་ཐུགས་བརྩེ་བ་ཆེན་པོ་ཀུན་ནས་བསྐྱངས་བ་དང་།  ས་གནས་མང་ཚོགས་དང་སློབ་གྲྭའི་དགེ་བཟོ་བ་དག་གིས་སྐྱིད་སྡུག་མཉམ་མྱོང་གི་མཛད་པ་སོགས་ལ་བཀའ་དྲིན་ཞུས་པའི་གཏམ་བཤད་གནང་ཞིང་མ་འོངས་པར་མེས་རྒྱལ་དང་སྤྱི་ཚོགས། ཡུལ་སྡེ་བ་སོགས་ལ་ཕན་བདེའི་སྲི་ཞུ་སྒྲུབ་མཁན་གྱི་མི་སྣ་འབོལ་ཆེན་སྐྱེད་སྲིང་དང་གསོ་སྐྱོང་བྱ་རྒྱུ་སོགས་ཀྱི་གཏམ་བཤད་གལ་ཆེན་གནང་།


མི་ཉག་རྡོ་ར་དཀར་མོའི་སློབ་གྲྭ་གསར་བཞེངས་མཛད་ནས་བགྲང་བྱ་བཅུར་ལོན་པའི་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོ།

སློབ་གྲྭའི་མཚན་འཛིན་སློབ་གཙོ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མཁན་སྤྲུལ་རྡོ་རྗེ་བཀྲ་ཤིས་མཆོག་གིས་གསུང་བཤད་གནང་བཞིན་པའི་ཚུལ།


མི་ཉག་རྡོ་ར་དཀར་མོའི་སློབ་གྲྭ་གསར་བཞེངས་མཛད་ནས་བགྲང་བྱ་བཅུར་ལོན་པའི་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོ།

དར་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་འགོ་གཙོ་གཞོན་པ་ཞ་ལི་ནཱ་ཡིས་གསུང་བཤད་གནང་བཞིན་པའི་ཚུལ།


མི་ཉག་རྡོ་ར་དཀར་མོའི་སློབ་གྲྭ་གསར་བཞེངས་མཛད་ནས་བགྲང་བྱ་བཅུར་ལོན་པའི་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོ།

སློབ་གཙོ་བདེ་སྐྱིད་གཡང་འཛོམས་ཀྱིས་གསུང་བཤད་གནང་བཞིན་པའི་ཚུལ།


རྒྱ་བོད་དབྱིན་གསུམ་གྱི་སྐད་ལ་ཐོགས་རྡུག་མེད་པའི་སློབ་རའི་རིག་རྩལ་མདོ་འཛིན་པ་དག་གི་སྨྲ་ལྕེ་དག་མོས་མདོ་འཛིན་གྱིས་རིག་རྩལ་བྱེད་སྒོ་དངོས་སུ་མགོ་བརྩམས་ཤིང་། ཡུལ་གསེར་རྟ་རྩྭ་ཐང་གི་གཞོན་སྐྱེས་གླུ་པ་མཆོད་རྟེན་དང་མདོ་སྨད་ཅོ་ནེའི་གླུ་མ་སྙིང་མོ་སྐྱིད། ཡུལ་མི་ཉག་རང་སའི་གླུ་བ་མི་ཉག་འཕྲིན་ལས།  སློབ་གྲྭ་རང་ནས་མཐར་ཕྱིན་པའི་གླུ་མ་མི་ཉག་དབང་མཚོ་སོགས་གླུ་པ་གླུ་མ་སྐོར་ཞིག་བྱེད་སྒོ་རུ་ཞུགས་ཤིང་གྲེ་འགྱུར་ངག་གི་མཆོད་པ་གཙང་མ་སློབ་གྲྭའི་བགྲང་བྱ་བཅུ་ཡི་འཁྲུངས་སྐར་ལ་ལེགས་པའི་སྐྱེས་སུ་འབུལ།

མི་ཉག་རྡོ་ར་དཀར་མོའི་སློབ་གྲྭ་གསར་བཞེངས་མཛད་ནས་བགྲང་བྱ་བཅུར་ལོན་པའི་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོ།

སློབ་རའི་མདོ་འཛིན་པ་དག་གིས་བོད་རྒྱ་དབྱིན་གསུམ་སྐད་ཀྱི་སྨྲ་ལྕེ་དག་མོས་རིག་རྩལ་བྱེད་སྒོ་ལ་མདོ་འཛིན་བྱེད་བཞིན་པའི་ཚུལ།

 

མི་ཉག་རྡོ་ར་དཀར་མོའི་སློབ་གྲྭ་གསར་བཞེངས་མཛད་ནས་བགྲང་བྱ་བཅུར་ལོན་པའི་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོ།

གསེར་རྟའི་གླུ་པ་མཆོད་རྟེན་གྱིས་གླུ་ངག་གི་མཆོད་པ་འབུལ་བཞིན་པའི་ཚུལ།


མི་ཉག་རྡོ་ར་དཀར་མོའི་སློབ་གྲྭ་གསར་བཞེངས་མཛད་ནས་བགྲང་བྱ་བཅུར་ལོན་པའི་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོ།

གླུ་མ་མི་ཉག་དབང་མཚོས་མ་ཡུམ་སློབ་གྲྭའི་འཁྲུངས་སྐར་ལ་གླུ་ངག་གི་མཆོད་པ་འབུལ་བཞིན་པའི་ཚུལ།


མི་ཉག་རྡོ་ར་དཀར་མོའི་སློབ་གྲྭ་གསར་བཞེངས་མཛད་ནས་བགྲང་བྱ་བཅུར་ལོན་པའི་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོ།

གླུ་པ་མི་ཉག་འཕྲིན་ལས་ཀྱིས་གླུ་ངག་གི་མཆོད་པ་འབུལ་བཞིན་པའི་ཚུལ། 


མི་ཉག་རྡོ་ར་དཀར་མོའི་སློབ་གྲྭ་གསར་བཞེངས་མཛད་ནས་བགྲང་བྱ་བཅུར་ལོན་པའི་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོ།

མདོ་སྨད་ཅོ་ནེའི་གླུ་མ་སྙིང་མོ་སྐྱིད་ཀྱིས་གླུ་ངག་གི་མཆོད་པ་འབུལ་བཞིན་པའི་ཚུལ། 


མི་ཉག་རྡོ་ར་དཀར་མོའི་སློབ་གྲྭ་གསར་བཞེངས་མཛད་ནས་བགྲང་བྱ་བཅུར་ལོན་པའི་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོ།མི་ཉག་རྡོ་ར་དཀར་མོའི་སློབ་གྲྭ་གསར་བཞེངས་མཛད་ནས་བགྲང་བྱ་བཅུར་ལོན་པའི་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོ།

མི་ཉག་རྡོ་ར་དཀར་མོའི་སློབ་གྲྭ་གསར་བཞེངས་མཛད་ནས་བགྲང་བྱ་བཅུར་ལོན་པའི་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོ།བྱམས་བརྩེས་མཛའ་མཐུན་བཙུགས་ཤིང་ཉམས་མེད་རང་སྟོབས་འབར་བའི་དགེ་སློབ་དག་རིག་རྩལ་བྱེད་སྒོའི་ཡུལ་དངོས་སུ་ཞུགས་བཞིན་པའི་ཚུལ། 


མི་ཉག་རྡོ་ར་དཀར་མོའི་སློབ་གྲྭ་གསར་བཞེངས་མཛད་ནས་བགྲང་བྱ་བཅུར་ལོན་པའི་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོ།

མི་ཉག་རྡོ་ར་དཀར་མོའི་སློབ་གྲྭ་གསར་བཞེངས་མཛད་ནས་བགྲང་བྱ་བཅུར་ལོན་པའི་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོ།

མི་ཉག་རྡོ་ར་དཀར་མོའི་སློབ་གྲྭ་གསར་བཞེངས་མཛད་ནས་བགྲང་བྱ་བཅུར་ལོན་པའི་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོ།
མི་ཉག་རྡོ་ར་དཀར་མོའི་སློབ་གྲྭ་གསར་བཞེངས་མཛད་ནས་བགྲང་བྱ་བཅུར་ལོན་པའི་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོ།མི་ཉག་རྡོ་ར་དཀར་མོའི་སློབ་གྲྭ་གསར་བཞེངས་མཛད་ནས་བགྲང་བྱ་བཅུར་ལོན་པའི་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོ།
སློབ་རའི་ཕུན་སུམ་ཚོགས་པའི་རིག་རྩལ་འཁྲབ་སྟོན་བྱེད་བཞིན་པའི་ཚུལ།


མི་ཉག་རྡོ་ར་དཀར་མོའི་སློབ་གྲྭ་གསར་བཞེངས་མཛད་ནས་བགྲང་བྱ་བཅུར་ལོན་པའི་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོ།སློབ་གྲྭའི་འཁྲུངས་སྐར་ལ་ཕུལ་བའི་སློབ་མའི་རྩོམ་བཏུས༼ལམ༽ཞེས་པའི་པོད་སྟོད་སྨད་གཉིས་ཀྱི་བདག་ཉིད་ཅན། 


མི་ཉག་ནག་ལུང་ལྷ་སྡེའི་གནའ་བྲོ་དང་སློབ་རའི་སློབ་མའི་ཞབས་བྲོ། མི་ཉག་སྐོར་བྲོ།  དགེ་སློབ་དག་གི་སྙན་པའི་གཞས་སོགས་རིག་རྩལ་བྱེད་སྒོ་རུ་འཛོམས་པའི་མི་ཉག་ལྷ་སྡེའི་ལྟད་མོ་བ་ཁྲི་སྟོང་མང་པོའི་མིག་དབང་གི་བདུད་རྩི་དང་སྙན་དབང་གི་དཔལ་དུ་ཕུལ་ཡོད་པ་རེད། །

༼ངེད་གསར་འགོད་པ་ཨོ་རྒྱན་དོན་གྲུབ་ཀྱིས་བྲིས་ཤིང་པར་བླངས།༽


  • ལེ་ཚན་སྔོན་མ།:རོང་བྲག་རྫོང་གིས་ཐུམ་འབུའི་ནད་ལྟ་ཞིབ་ཚད་ལེན་བྱེད་པའི་ལས་ཀ་སྤེལ།
  • ལེ་ཚན་རྗེས་མ།:ཁུལ་ཨུས་རྒྱུན་ལས་ཨུ་ལྷན་གྱི་རྒྱས་འཛོམས་གྲོས་ཚོགས་དང་ལྟེ་བའི་སློབ་སྦྱོང་ཚོ་ཆུང་གི་གྲོས་ཚོགས་འཚོགས།
  • དོ་སྣང་ཆེ་བའི་རྩོམ།