དཀར་མཛེས་གློག་འདོན་སྤྱི་གཉེར་ཁང་གིས་ཆུ་ལོག་སྔོན་འགོག་དང་གློག་འདོན་འགན་སྲུང་བྱས།

ཀུན་དགས་བསྒྱུར།        2017-07-04

ཟླ་བ6པའི་ཚེས14ཉིན་ནས་བཟུང་རང་ཁུལ་གྱི་རྟའུ་དང་རོང་བྲག སེར་ཤུལ་སོགས་རྫོང་ཁག་ཏུ་ཉིན་དུ་མར་དྲག་ཆར་བབས་ནས་ས་ཁུལ་འགའ་ལ་འདམ་རྡོ་ཆུ་རུད་བྱུང་བ་དང་རི་ཉིལ་ནས་འགྲིམ་འགྲུལ་གཞུང་ལམ་བཅད་པས་མ་ཚད། གློག་འདྲེན་སྐུད་ལམ་གྱི་གློག་ཤིང་དང་གློག་དྲྭ་སོགས་ལ་རིམ་པ་མི་འདྲ་བའི་གནོད་འཚེ་བཟོས་ཡོད་པ་རེད། དཀར་མཛེས་གློག་འདོན་སྤྱི་གཉེར་ཁང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་བཀོད་འདོམས་འོག སྲིད་གཞུང་དང་ཁེ་ལས་མཉམ་འགུལ་དང་ཕྱོགས་ཡོངས་ནས་ཆུ་ལོག་སྔོན་འགོག་ཉེན་སེལ་ལས་ཀ་བཀོད་སྒྲིག་བྱས་པ་དང་།རྫོང་ཁག་སོ་སོའི་སྤྱི་གཉེར་ཁང་གིས་ཉེན་སེལ་ལས་ཞུགས་བྱེད་པར་མཛུབ་སྟོན་གང་ལེགས་བྱས་ཡོད་པ་རེད།

ད་ཐེངས་ས་ཆ་མང་པོར་ཆུ་ལོག་གིས་གནོད་འཚེ་བཟོས་ཡོད་པས་དཀར་མཛེས་ཁུལ་གློག་འདོན་སྤྱི་གཉེར་ཁང་གིས་གྲ་སྒྲིག་གང་ལེགས་དང་བཀོད་འདོམས་ཡག་པོར་བྱས་མཐར་ཉམས་གསོ་པུའུ་ཡུལ་དངོས་སུ་བསྐྱོད་དེ་འབྲུབ་འགོག་ཉེན་སེལ་ལས་དོན་སྤེལ་བར་མཛུབ་ཁྲིད་བྱས་པ་རེད། རོང་བྲག་དང་རྟའུ། སེར་ཤུལ་རྫོང་སོགས་གློག་འདོན་སྤྱི་གཉེར་ཁང་གིས་དུས་འགོའི་གཏན་འབེབས་ལ་གཞིགས་ནས་ཉེན་སེལ་ཉེན་འཆོང་མི་བྱེད་པའི་རྩ་དོན་ལྟར་ལས་བཟོ་པའི་ལུས་བདེ་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ནུས་ཤུགས་ཡོད་རྒུས་འབྲུབ་འགོག་ལས་དོན་བསྒྲུབས་པ་རེད།

ཆུ་ལོག་བྱུང་སྐབས་སུ་གཞུང་ལམ་ཚང་མ་ཆུས་བསྣུབས་བ་དང་གས་ཆག་འགྲོ་ཡོད་པས་དཀར་མཛེས་ཁུལ་གློག་འདོན་སྤྱི་གཉེར་ཁང་གིས་གནོད་འཚེ་ཐེབས་ཡུལ་དུ་འཕྲལ་སྡོམ་ཉེན་སེལ་དང་དངོས་རྫས་གང་མགྱོགས་བསྐྱལ་བར་འགན་སྲུང་བྱེད་ཆེད།  ཉེན་སེལ་མྱུར་བཟོའི་མི་སྣས་གློག་འདོན་ཅ་ལག་སོགས་རང་རང་གི་ཕྲག་པ་དང་རྒྱབ་ཏུ་འཁུར་ནས་རི་བོ་བརྒལ་བ་དང་་དཀའ་ལས་བརྒྱབ་ཡོད་པ་རེད། ཐེངས་འདིའི་ཉེན་སེལ་ནང་ཁྱོན་བསྡོམས་མིའི་ཐེངས་གྲངས560 དང་འཁོར་རིགས་ཐེངས120 བཏང་བ་རེད།

བསྡོམས་རྩིས་བྱས་པར་གཞིགས་ན།  ཟླ་བ6པའི་ཚེས21 ཉིན་གྱི་བར།  རོང་བྲག་དང་རྟའུ། སེར་ཤུལ་སོགས་རྫོང་ཁག་གི་གློག་དྲྭ་ཚང་མ་ལ་གནོད་འཚེ་ཕོག་ཡོད་པ་རེད།  རིམ་རྩིས་བྱས་ན། ཆུ་གློག་ས་ཚུགས2འཁོར་བསྐྱོད་བྱེད་མཚམས་འཇོག་པ་དང་། སྟོང་ཧྥུ35ཅན་གྱི་སྐུད་ལམ1དང་སྟོང་ཧྥུ10ཅན་གྱི་སྐུད་ལམ10ལ་གནོད་འཚེ་ཕོག་ཡོད་པས་མ་ཚད་དུད་ཚང4833ལ་གློག་ཆད་ཡོད།  མིག་སྔའི་བར་ཆུ་གློག་ས་ཚུགས2དང་སྟོངཧྥུ35ཅན་གྱི་སྐུད་ལམ1 སྟོང་ཧྥུ10ཅན་གྱི་སྐུད་ལམ10 སླར་གསོ་བྱས་པ་དང་དུད་ཚང4717ལ་གློག་མཁོ་འདོན་བྱས་ཡོད་པ་རེད། ཉེན་སེལ་ལས་ཚད་ལས་བརྒྱ་ཆ98 གྲུབ་ཟིན་པ་དང་འགྲུབ་མ་ཐུབ་པའི་ལས་ཀ་དག་ད་དུང་མུ་མཐུད་ནས་སླར་གསོ་བྱེད་བཞིན་པ་རེད།།


  • ལེ་ཚན་སྔོན་མ།:༢༠༡༧ལོའི༼མི་རིགས་ཀྱི་རྩོམ་རིག༽བོད་ཡིག་པར་མའི་རྩོམ་པ་པོ་དང་ལོ་ཙཱ་བའི་ཟབ་སྦྱོང་འཛིན་གྲྭ་དང་ལི་ཐང་གི་ཚངས་དབྱངས་རྒྱ་མཚོའི་སྙན་ངག་དུས་ཆེན་སྐབས་དང་པོའི་གསར་རྩོམ་ཚོགས་
  • ལེ་ཚན་རྗེས་མ།:ལི་ཐང་རྫོང་གིས་ཆུ་ལོག་དང་ཞོད་སྐྱོན་སྔོན་འགོག་ཡག་པོ་བྱེད།
  • དོ་སྣང་ཆེ་བའི་རྩོམ།