ལོ་ན་གཞོན་པའི་དུས་སུ་ཆང་འཐུང་མི་ཉན་པའི་རྒྱུ་མཚན་ཅི།

དབྱངས་ཅན་གྱིས་བསྒྱུར།        2017-06-22

     ལོ་ན་གཞོན་པའི་དུས་ནི་མིའི་ལུས་ཕུང་སྐྱེ་འཕེལ་བྱེད་པའི་ཆེས་གནད་འགག་གི་དུས་རིམ་ཞིག་ཡིན་པས་འཇུ་བྱེད་དབང་པོའི་མ་ལག་ལ་ད་དུང་གཉོམ་ལག་རྒྱས་མེད་པའི་སྐབས་ཡིན། ཆང་གི་ཉིང་བཅུད་ཀྱིས་བྱིས་པའི་མཆིན་པ་དང་མཚེར་བ། ཕོ་བ་བཅས་ལ་ཐད་ཀར་གནོད་སྐྱེལ་ནུས་པར་མ་ཟད། བྱིས་པའི་ཀླད་ཤུགས་སམ་རིག་པ་ལ་ཡང་གནོད་པ་ཚབས་ཆན་ཐེབས་ནས་ཀླད་ཤུགས་འཚར་ལོངས་འབྱུང་བ་དང་བསམ་བློ་གཏོང་བའི་ནུས་པར་བར་ཆད་བཟོས་ཏེ་བློ་དང་རིག་པ་བརྡིབ་པའི་ཉེན་ཁ་ཡོད། གཞན་ད་དུང་ན་ཆུང་བུད་མེད་རྣམས་ཀྱིས་ཆང་འཐུང་ན་ཐད་ཀར་དུ་སྐྱེ་་འཚར་ལ་གནོད་པ་ཐེབས་ཏེ་དར་མའི་དུས་སུ་སྦྲུམ་ཆགས་མི་ཐུབ་པའི་གནད་དོན་ལའང་འཕྲད་སྲིད་པ་རེད། དེ་བས་ང་ཚོ་ན་ཆུང་བྱིས་པ་རྣམས་ཀྱིས་ཤེས་བྱ་ཡོན་ཏན་སྦྱང་རྒྱུ་དམིགས་སུ་འཛིན་པ་ལས་ཆང་འཐུང་བ་དང་དུ་བ་འཐེན་པའི་སྤྱོད་ངན་ཐ་ཤལ་གྱི་རིགས་ལ་དུག་བཞིན་དུ་འཛེམ་དགོས་སོ།།

  • ལེ་ཚན་སྔོན་མ།:སྨན་འཐུང་སྐབས་ཇ་དང་ལྷན་དུ་འཐུང་མི་ཉན།
  • ལེ་ཚན་རྗེས་མ།:རྒྱལ་གྲོལ་ལམ་ཡིག་དང་མཐོང་མཆན་གྱི་སྐོར་གསལ་པོ་ཞིག་འདི་ནས་གཟིགས།
  • དོ་སྣང་ཆེ་བའི་རྩོམ།