སི་ཁྲོན་མི་རིགས་སློབ་གླིང་ལྕགས་ཟམ་རྫོང་དུ་གནས་སྤོ་བྱ་གྲབས་ཡོད།

        2017-05-23

སྤྱི་ཟླ5པའི་ཚེས18ཉིན། དཀར་མཛེས་ཁུལ་ཏང་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་དང་ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་བཅས་ལྕགས་ཟམ་རྫོང་དུ་ཕྱིན་ཏེ་སི་ཁྲོན་མི་རིགས་སློབ་གླིང་གནས་སྤོ་བྱེད་ཡུལ་ལ་ཞིབ་རྟོག་བྱས། ཡུལ་དངོས་སུ་ཞིབ་རྟོག་བྱས་རྗེས་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་གནས་ཚུལ་ཡར་ཞུར་ཉན། སི་ཁྲོན་མི་རིགས་སློབ་གླིང་གི་སློབ་ར་གསར་པ་འཛུགས་སྐྲུན་བྱེད་པའི་ལས་གཞིའི་གོ་སྐབས་དམ་འཛིན་བྱས་ཏེ། འཆར་འགོད་ལེགས་པོ་དང་རིམ་མཐོ་སྐུལ་འདེད། སྤུས་ལེགས་འཛུགས་སྐྲུན། ནུས་ཕྱོད་མཐོ་བའི་མཐུན་སྦྱོར་བྱ་དགོས་ཞེས་ནན་གྱིས་བསྟན།

ལིའུ་ཁྲེང་མིང་གིས་སི་ཁྲོན་མི་རིགས་སློབ་གླིང་གི་སློབ་ར་གསར་པ་འཛུགས་སྐྲུན་བྱ་རྒྱུ་ནི་ཐེངས་དྲུག་པའི་བོད་ལྗོངས་ལས་དོན་བཞུགས་མོལ་ཚོགས་འདུ་དང་སི་ཁྲོན་ཞིང་ཆེན་ཏང་ཨུ་ཡི་བོད་ཁུལ་གྱི་ལས་དོན་ཚོགས་འདུའི་དགོངས་དོན་གྱི་མཚོན་ཚུལ་ཞིབ་ཕྲ་དེ་ཡིན། སི་ཁྲོན་མི་རིགས་སློབ་གླིང་ནི་དཀར་མཛེས་ཁུལ་གྱི་མཐོ་རིམ་སློབ་གྲྭ་ཞིག་ཡིན་ལ་དཀར་མཛེས་ཁུལ་གྱི་ཤེས་ལྡན་མི་སྣ་གསོ་སྦྱོང་བྱེད་སའི་གནས་གཞི་གལ་ཆེན་ཞིག་ཀྱང་ཡིན། དཀར་མཛེས་བོད་རིགས་ས་ཁུལ་མུ་མཐུད་དུ་སྐྱོན་བྲལ་འཕེལ་རྒྱས་བྱུང་པའི་འགུལ་ནུས་གསར་པ་ཞིག་ཡིན། སི་ཁྲོན་མི་རིགས་སློབ་གླིང་གི་སློབ་ར་གསར་པ་འཛུགས་སྐྲུན་བྱེད་པའི་ལས་དོན་ལེགས་པོར་བསྒྲུབ་རྒྱུ་ནི་དཀར་མཛེས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ཤེས་ལྡན་མི་སྣ་གསོ་སྦྱོང་བྱེད་པར་དོན་སྙིང་གལ་ཆེན་ལྡན་ལ། དེ་དཀར་མཛེས་ཁུལ་གྱི་འཕེལ་རྒྱས་དང་དམངས་འཚོ། བརྟན་བརླིང་བཅས་དོན་ཆེན་གསུམ་དང་འབྲེལ་བ་དམ་ཟབ་ཡོད། ཤེས་ལྡན་མི་སྣ་གསོ་སྦྱོང་དང་ཤེས་ལྡན་མི་སྣ་བརྟན་བརླིང་གནས་པ་ལ་ཕན་པར་མ་ཟད། ལྕགས་ཟམ་རྫོང་གི་གྲོང་རྡལ་ཅན་གྱི་འཛུགས་སྐྲུན་ལའང་ཕན་ནུས་ཆེན་པོ་ལྡན་ཞེས་བསྟན།།

  • ལེ་ཚན་སྔོན་མ།:2017ལོའི་ཁྲེང་ཏུའུ་གྲོང་ཁྱེར་ཁྲེང་ཧྭ་ཆུས་ཀྱིས་ལས་ཞུགས་ལ་གནད་སྨིན་རོགས་སྐྱོར་བྱེད་པའི་རིམ་སྤེལ་བྱ་སྤྱོད་སྤེལ་འགོ་ཚུགས།
  • ལེ་ཚན་རྗེས་མ།:རིག་གནས་ཀྱི་ཡིད་ཆེས་སྲ་བརྟན་དུ་བཏང་ནས་གནའ་བོའི་ཇ་འདྲེན་བདལ་ལམ་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་བེད་སྤྱོད་ཆུ་ཚད་སྐས་རིམ་གསར་པ་ཞིག་གི་ཐོག་སླེབས་པར་སྐུལ་འདེད་བཏང་།
  • དོ་སྣང་ཆེ་བའི་རྩོམ།