ཕ་ཝང་གིས་རྒྱལ་པོ་བྱེད་འདོད་པ།

        2017-05-15

    སྔོན་བྱ་རྣམས་ཀྱིས་རྒྱལ་པོ་འཚོལ་རྒྱུའི་གྲབས་བྱེད་པའི་དུས་དེར་སུ་ཞིག་གིས་ཉི་མ་ཤར་བ་སྔོན་ལ་མཐོང་བ་དེས་རྒྱལ་པོ་བྱ་རྒྱུར་གྲོས་མཐུན། ཕ་ཝང་དང་ཕུག་རོན་གཉིས་ཀྱིས་ཉི་མ་ཤར་བ་མཐོང་བ་མཉམ་ཡང་ཕ་ཝང་གིས་ཕུག་རོན་ལ་རྩམ་པ་འགམ་དུ་བཅུག་སྟེ་མགོ་བསྐོར་བས། རྒྱལ་པོ་ཕ་ཝང་ལ་ཐོབ་ཀྱང་བྱའི་རྒྱལ་པོར་མ་བསྐོས།

    ཡང་ནམ་འཕང་ཆོད་པ་སུ་མཐོ་བ་ལ་རྒྱལ་པོ་བསྐོ་རྒྱུ་བྱས། ཕ་ཝང་རྒོད་ཀྱི་སྤུ་གསེབ་ཏུ་འཛུལ་ཏེ་མཐའ་མཇུག་ཏུ་བྱ་ཚང་མ་ཆད་ནས་ལོག་པ་དང་། བྱ་རྒོད་ཀྱིས་དགུང་ལ་གཤོག་པ་རྒྱང་དུ་བརྐྱངས་པ་དང་ཕ་ཝང་སྤུ་གསེབ་ནས་ཐོན་ཏེ་དེ་བས་དགུང་ལ་འཕངས་སོང་། ཡང་བྱ་ཚང་མས་སྤུ་མེད་ལ་རྭ་ཡོད་པ་དང་མདོག་མི་མཛེས་པ་འདིས་ཅི་རུང་། ཁྱོད་རྒྱལ་པོ་བྱ་རྒྱུ་ཕར་ཞོག་བྱ་ཕལ་བའི་གྲལ་དུ་ཡང་མི་ཚུད་པའི་ཐོག་གཞན་གྱིས་སྨད་ར་གཏོང་ས་དང་འཕྱ་སྨོད་བྱ་ཡུལ་ཞིག་རེད། ཅེས་སྨྲས་སོ།། 

 

  • ལེ་ཚན་སྔོན་མ།:སེམས་ཅན་ཟགས་ཞེས་པ།
  • ལེ་ཚན་རྗེས་མ།:སེང་གེར་ཁུར་པོ་བསྐུར་བ།