གེ་སར་གྱི་ཆིབས་པ་འདོགས་སའི་ཀ་བ།

དབང་ཕྱུག་གིས་བསྡུས།    ཁམས་པའི་ཚགས་པ་ལས་དྲངས།    2010-05-14

མཚོ་སྔོན་ཞིང་ཆེན་དར་ལག་རྫོང་བདེ་ནང་ཤང་གི་ཕུ་མང་གོང་མ་ན་མི་གཟུགས་ཙམ་གྱི་རྡོའི་ཀ་བ་རང་གྲུབ་ཅིག་ཡོད།རྡོ་དེ་ནི་མཐོ་རིམ་ལ་རིང་བ་སྲ་ཞིང་འཐས་པ།དེ་ལ་རི་མོ་རང་གྲུང་མང་པོ་ཡོད་པ་ཞིག་ཡིན་ཏེ།ཕར་བལྟས་ན་རྡོ་་བཟོ་མཁས་པ་ཞིག་གིས་བཟོ་པ་ཡིན་སྲིད་སྙམ་པ་ཞིག་རེད།
  བཤད་སྲོལ་ལ་འདི་ནི་གནའ་སྔ་མོར་གེ་གསར་གྱིས་ཆིབས་པ་རྐྱང་རྒོད་
ཕེར་བ་བཏགས་མྱོང་བར་བཤད།རྡོ་རིང་འདི་དང་ཉེ་བའི་ས་ན་དུས་རྟགས་པར་སྐམ་རྒྱུ་མེད་པའི་ཆུ་མིག་ཅིག་ཡོད།བཤད་སྲོལ་ལ་གེ་སར་གྱིས་མདའ་འཕངས་ནས་བཏོན་པ་ཡིན་པར་གྲགས།ས་དེ་གའི་བཤད་རྒྱུན་ལ་ལོ་གསུམ་རེའི་མཚམས་ཀྱི་དབྱར་ཁའི་དུས་ཀྱི་ཉིན་ཞིག་གི་ཞོགས་པའི་ཉི་གཞོན་འཆར་བའི་དུས་འཇའ་འོད་ཀྱིས་གེ་སར་མི་རྟ་གཉིས་པོ་ཕྱོགས་འདིར་སྤྱན་འདྲེན་ཞིང་རི་ཀླུང་ཀུན་ལ་རྟ་རྐྱང་རྒོད་ཕེར་བོ་འཚེར་བའི་འཚེར་སྐད་གོ་ཐུབ།
དུས་དེར་ཇོ་དར་ཡག་པོ་ཞིག་ས་ལ་བཏིང་ནས་དེའི་ཐོག་ལ་རྟ་རྐྱང་རྒོད་ཀྱི་གཟུགས་བརྙན་དོན་དུ་བཅུག་སྟེ་སྒོ་ཕྱུགས་ཀྱི་ར་སྐོར་ནང་དུ་བཏགས་ན་ནད་ཡམས་འཚེ་བ་གང་མི་འབྱུང་ཞིང་མི་ཕྱུགས་གཉིས་ཀ་འཕེལ་བར་འགྱུར་རོ་ཞེས་པའི་གཏམ་རྒྱུད་ཡ་མཚན་པ་ཞིག་ཀྱང་བཤད་སྲོལ་འདུག།
  • ལེ་ཚན་སྔོན་མ།:གནས་སྐབས་མེད།
  • ལེ་ཚན་རྗེས་མ།:གླིང་གེ་སར་གྱི་རྗེས་ཤུལ་དང་གནའ་རྫས་སྐོར་ཅུང་ཟད་དཔྱད་པ།།
  • དོ་སྣང་ཆེ་བའི་རྩོམ།