བུད་མེད་དུས་ཆེན་ལ་ཕུལ་བའི་ཤིས་ཚིག

ཐུབ་བསྟན་ཕུན་ཚོགས།        2017-03-09

དལ་འབྱོར་ལུས་རྟེན་བསྐྱེད་པའི་ཞིང་ས་མ། 

མཆོག་དམན་ཀུན་གྱི་མིག་ལམ་བདུད་རྩི་མ། 

འདོད་ལྡན་དགའ་བ་བསྐྱེད་པའི་མཛེས་ལྡན་མ། 

འཇིགས་བརྒྱད་ཀུན་ལས་སྐྱོབ་མཛད་རྗེ་བཙུན་མ། 

ཆུང་དུས་ཨ་མའི་བརྩེ་དུང་ལུས་ཀྱི་ཟུངས། 

གཞོན་དུས་མཛེས་མའི་བརྩེ་དུང་སྲོག་ལས་བྲིན། 

རྒས་ཚེ་རྒན་མོའི་གཅེས་སྐྱོང་ཚེ་ཡི་རྟེན། 

ཚེ་འདིར་འབྲལ་ཐབས་མེད་པ་བུད་མེད་ཉིད། 

མཁས་པའི་དཔལ་དང་བཙུན་པའི་ནང་ཚུལ་བཟང་། 

མཐོན་པོའི་ཐོབ་དང་དཔའ་བོའི་ཁེངས་པ་སོགས། 

གཅིག་ཅར་དབང་དུ་སྡུད་པའི་བདག་ཉིད་ཅན། 

མཆོག་གསུམ་ལྷ་ལས་རྒྱལ་བ་མཛེས་མའི་ལུས། 

གནམ་ལོ་གསར་པའི་དྲོད་རླུང་མཁའ་ནས་ལྡང་། 

སྦྲང་ཆར་ཟིལ་མས་ཆུ་སྐྱེས་དཔལ་ཡོན་བཞད། 

དཔྱིད་ཀྱི་དཔལ་མོས་མཛེས་མའི་ལུས་སེམས་སྤྲོ། 

གསུམ་བརྒྱད་དུས་ཆེན་བཀྲ་ཤིས་བདེ་ལེགས་ཞུ། 


  • ལེ་ཚན་སྔོན་མ།:ཁ་གཡང་བཀྲ་ཤིས་བརྒྱད་ལྡན།
  • ལེ་ཚན་རྗེས་མ།:བུད་མེད་ཀྱི་ཡོན་ཏན།