ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྐབས་བཅུ་གཅིག་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ལས་དོན་སྙན་ཞུ།3

        2011-02-22

ཨུ་ཡོན་རྣམ་པ།བློ་མཐུན་རྣམ་པ་ཚོ།འདས་པའི་ལོའི་ནང་དུ།ཁུལ་སྲིད་གྲོས་ཀྱི་ཁྱོན་ཡོངས་ལ་དམིགས་ནས་ཇུས་འགོད་ཞིབ་ཚགས།གཙོ་གནདམཐུད་འབྲེལ་དང་མཉམ་དུ་ལག་བསྟར།ལས་དོན་གྱི་་ཀ་དང་ཕན་ནུས་བདེ་བླག་ངང་མཐོར་འདེགས།སྤྱི་ཚོགས་ཀྱི་ཕན་ནུས་མུ་མཐུད་རྒྱ་སྐྱེད་བྱས་པ།ཐོབ་པའི་གྲུབ་འབྲས་ནི་ཀྲུང་གུང་དཀར་མཛེས་ཁུལ་ཨུས་ཚད་མཐོན་པོས་མཐོང་ཆེན་དང་འགོ་ཁྲིད་ཤུགས་སྣོན་རྒྱག་པའི་མཐའ་འབྲས་ཡིན་ལ།ཁུལ་དམངས་ཆེན་དང་ཁུལ་སྲིད་གྲོས།འབྲེལ་ཡོད་སྡེ་ཁག་དང་སྤྱི་ཚོགས་ལས་རིག་ཁག་གིས་ཤུགས་ཆེན་གྱིས་རྒྱབ་སྐྱོར་དང་ཧུར་ཐག་གཞོགས་འདེགས་བྱས་བྱས་པའི་མཐའ་འབྲས་ཡིན།སྲིད་གྲོས་ནང་དུ་ཞུགས་པའི་ལས་ཁུངས་སོ་སོ་དང་སྲིད་གྲོས་ཨུ་ཡོན་གྱིས་ན་སྒྲིལ་འབད་བརྩོན་བྱས་པའི་མཐའ་འབྲས་ཡིན།འདིར།ངས་སྐབས་བཅུ་གཅིག་པའི་ཁུལ་སྲིད་གྲོས་ཀྱི་ཚབ་བྱས་ནས།སྲིད་གྲོས་ཀྱི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་པའི་བློ་མཐུན་རྣམས་དང་གྲོགས་པོ་རྣམས།ཁུལ་ཡོངས་ཀྱི་སྲིད་གྲོས་ཨུ་ཡོན་དང་མི་རིགས་ཁག་ལས་རིགས་ཁག་གི་མི་སྣ་ལ་བླ་ན་མེད་པའི་གུས་འདུད་དང་ལྷག་བསམ་རྣམ་དག་གི་ཐུགས་རྗེ་ཆེ་ཞུ་བ་ཡིན
    
     བྱས་རྗེས་མཐོང་བའི་དུས་མཚུངས་སུ།ང་ཚོས་ད་དུང་ངོས་འཛིན་གསལ་པོར་བྱེད་དགོས་རྒྱུ་ནི།ང་ཚོའི་ལས་དོན་ལ་ད་དུང་མི་འདང་ས་ཡོད་དེ།དཔེར་ན།འགན་ནུས་གསུམ་སྒྲུབ་པའི་ཆུ་ཚད་སྔ་ལས་མཐོར་འདེགས་བྱེད་དགོས་པ་དང་།སྲིད་གྲོས་ནང་དུ་ཞུགས་པའི་ལས་རིགས་ཁག་དང་།ཚོགས་པ།ཨུ་ཡོན་རྣམས་ཀྱི་ཕན་ནུས་སྔ་ལས་འདོན་སྤེལ་བྱེད་པ་དང་།སྲིད་གྲོས་ཀྱི་བརྡ་འཕྲིན་དྲ་ཚིགས་འཛུགས་སྐྲུན་དང་སྤྱི་ཚུལ་དམངས་འདོད་ཡར་ཞུ་བྱེད་པའི་ལས་དོན་སྔ་ལས་སྐུལ་འདེད།སྒྲིག་སྲོལ་ལམ་ལུགས་སོ་སོ་སྔ་ལས་དོན་འཁྱོལ།སྲིད་གྲོས་ཀྱི་རང་ཉིད་འཛུགས་སྐྲུན་དང་ཞབས་ཞུའི་འགན་ལེན་ཐད་སྔ་ལས་ཤུགས་སྣོན་རྒྱག་དགོས་པ་བཅས་སོ།།གནད་དོན་འདི་དག་ང་ཚོས་རྗེས་མའི་ལག་ལེན་བསྟར་བའི་ནང་དུ་གཙོ་གནད་ཞིབ་འཇུག་དང་རིམ་བཞིན་ཐག་གཅོད་བྱེད་དགོས།
     ༢༠༡༡ལོའི་ལས་དོན་བསམ་གྲོས།
     ༢༠༡༡ལོ་ནི་ལོ་ལྔའི་འཆར་འགོ་བཅུ་གཉིས་པའི་ལོ་འགོ་ཞིག་ཡིན་ལ།རང་ཁུལ་གྱིས་ཀྲུང་དབྱང་གི་ཐེངས་ལྔ་པའི་བོད་ལྗོངས་ལས་དོན་བཞུགས་མོལ་ཚོགས་འདུ་དང་སི་ཁྲོན་བོད་ཁུལ་ལས་དོན་བཞུགས་མོལ་ཚོགས་འདུའི་སྙིང་དོན་དོན་འཁྱོལ་ཟབ་སྤེལ་དང་།ནུབ་རྒྱུད་གསལ་སྤེལ་ཆེན་པོ་འཐབ་ཇུས་ལག་ལེན་སྤེལ་བ།མཆོང་བརྒལ་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་སྐུལ་འདེད་གཏོང་བའི་གལ་ཆེ་བའི་ལོ་ཞིག་ཡིན།ལོ་གསར་པའི་ནང་དུ།རང་ཁུལ་སྲིད་གྲོས་ལས་དོན་གྱི་སྤྱི་ཁོག་གི་རེ་འདུན་ནི།ཀྲུང་གུང་དཀར་མཛེས་ཁུལ་ཨུའི་དབུ་ཁྲིད་བརྟན་པོའི་འོགཏང་གི་ཚོགས་ཆེན་བཅུ་བདུན་དང་ཀྲུང་དབྱང་གི་སྐབས་བཅུ་བདུན་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྙིང་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིང་ཐའོ་ཡིས་རྒྱལ་ཡོངས་སྲིད་གྲོས༢༠༡༡ལོའི་སོ་གསར་ཇ་སྟོན་ཚོགས་འདུ་ཐོག་གི་གཏམ་བཤད་གལ་ཆེན་གྱི་སྙིང་སྟོབས་བཅས་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ནས།ཕྱོགས་ཡོངས་ནས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ལྟ་བ་དོན་འཁྱོལ།ཁུལ་ཨུའི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་སྤྱི་ཁོག་གི་འཆར་འགོད་ལྟེ་གནས་སུ་བྱས་ཤིང་།རང་ཤུགས་ཀྱིས་ཁུལ་ཡོངས་ཀྱི་ལས་དོན་གྱི་ཁྱོན་ཡོངས་སུ་ཞུགས་པ།ཆབ་སྲིད་གྲོས་མོལ་དང་།དམངས་གཙོ་ལྟ་སྐུལ།སྲིད་ཞགས་སྲིད་གྲོས་ཀྱི་འགན་ནུས་ནན་ཏན་སྒྲུབ་པ།མུ་མཐུད་ནས་སྲིད་གྲོས་ལས་དོན་གྱི་རྣམ་པ་གསར་གཏོད་དང་།རང་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་དགོས།
     གཅིགསློབ་སྦྱོང་ཤུགས་སྣོན།ངོས་འཛིན་མཐོར་འདེགས།མུ་མཐུད་ནས་ཐུན་མོང་གི་བསམ་བློའི་ཆབ་སྲིད་རྨང་གཞི་བརྟན་པོ་འཛུགས་དགོས།
     ཁུལ་རྫོང་སྲིད་གྲོས་རྩ་འཛུགས་དང་།སྲིད་གྲོས་སུ་ཞུགས་པའི་ལས་ཁུངས།སྲིད་གྲོས་ཨུ་ཡོན་ཡོངས་ཀྱིས་ཕྱོགས་ཡོངས་ནས་ཀྲུང་གུང་ཏང་གི་ཚོགས་ཆེན་བཅུ་བདུན་དང་སྐབས་བཅུ་བདུན་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ།ཞིང་ཆེན་ཏང་ཨུའི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ།ཁུལ་ཨུའི་སྐབས་དགུ་པའི་ཚང་འཛོམས་ཐེངས་བཅུ་པའི་སྙིང་དོན་སློབ་སྦྱོང་དང་ལག་ལེན་ཟབ་ཏུ་སྤེལ་རྒྱུ་དེ།དེང་སང་གི་གལ་ཆེ་བའི་ཆབ་སྲིད་ཀྱི་ལས་འགན་བྱེད་པ།རང་མོས་ཀྱིས་བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་གྱི་ཐོག་ཏུ་གཅིག་གྱུར་བྱེད་པ།བློ་གྲོས་དང་ནུས་ཤུགས་རང་ཁུལ་གྱི་མཆོང་བརྒལ་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་སྐུལ་འདེད་གཏོང་བའི་ཐོག་ལ་འདུས་པ་དང་།རང་ཁུལ་གྱི་ལོ་ལྔའི་འཆར་འགོད་བཅུ་གཉིས་ལེགས་འགྲུབ་བྱེད་ཆེད་འགོ་ཡག་པོ་འཛུགས་པའི་ཐོག་ལ་འདུས་པ་དང་།ཆབ་སྲིད་ལྟ་བ་དང་།ཁྱོན་ཡོངས་འདུ་ཤེས།འགན་འཁྲིའི་འདུ་ཤེས།སེམས་ཁྲལ་བའི་ལྟ་བ་སྔ་ལས་ཤུགས་ཆེ་རུ་གཏོང་བ།བརྗོད་བྱ་གཙོ་བོ་དང་གཙོ་གནད་དམ་འཛིན།རྒྱུན་འཁྱོངས་ལྔ་གོ་རྟོགས་གཏིང་ཟབ།སྲིད་གྲོས་ཀྱི་ལས་དོན་ལེགས་སྒྲུབ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲིའི་ལྟ་བ་དང་དུས་རབས་ཀྱི་ལས་འགན་ལྟ་བ་ལ་ཤུགས་རྒྱག་ཏན་ཏིག་འགན་ནུས་སྒྲུབ་པའི་ནུས་པ་དང་ཆུ་ཚདམོར་འདེགས།ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་དང་བོད་ཁུལ་ལས་དོན་བཞུགས་མོལ་ཚོགས་འདུའི་སྙིང་དོན་དོལ་འཁྱོལ་ཟབ་སྤེལ་དང་།ནུབ་རྒྱུད་གསར་སྤེལ་ཆེན་པོའི་འཐབ་ཇུས་ལག་ལེན་བསྟར་བ་དང་ཟུང་དུ་འབྲེལ་བ།དེང་སང་གི་སྲིད་གྲོས་ལས་དོན་ཏན་ཏིག་སྒྲུབ་པ་དང་ཟུང་འབྲེལ་བྱས་ཏེ།ཧུར་ཐག་གིས་ལས་སྒྲུབ་དང་།རང་ཤུགས་ཀྱིས་ལས་ནས་མཉམ་དུ་དཀར་མཛེས་ཁུལ་གྱི་མཆོང་བརྒལ་གསར་པར་སྐུལ་འདེད་གཏོང་དགོས།
     གཉིས།ལྟེ་གནས་དམ་འཛིན་དང་ཁྱོན་ཡོངས་ཞབས་ཞུ།མཆོང་བརྒལ་ལྟ་བུའི་འཕེལ་རྒྱས་སྐུལ་འདེད་གཙོ་གནད་བྱས་ནས་འགན་ནུས་སྒྲུབ་པ།
     མུ་མཐུད་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་ལྟེ་གནས་དམ་འཛིན།སྲིད་གྲོས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས།མཆོང་བརྒལ་ལྟ་བུའི་འཕེལ་རྒྱས་བྱེད་པའི་ཁྱོན་ཡོངས་དམ་འཛིན།འགན་ནུས་སྒྲུབ་པའི་གཙོ་གནད་ནི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་བབ་དམ་འཛིན་བྱེད་པའི་ཐོག་ལ་བཞག་པ་དང་།ཏང་ཨུ་དང་སྲིད་གཞུང་གིས་མཐོང་ཆེན་བྱས་པའི་དོན་ཆེན་དང་གལ་ཆེ་བའི་དོན་དག་གི་ཐབས་ཇུས་ཞིབ་འཇུག་བྱེད་པའི་ཐོག་ལ་བཞག་པ།གཅིག་གྱུར་གྱི་འཆར་འགོད་དང་མཆོང་བརྒལ་ལྟ་བུའི་འཕེལ་རྒྱས་ལ་བསམ་གཞིགས་བྱེད་པའི་ཐོག་ལ་བཞག་པ།མཆོང་བརྒལ་ལྟ་བུའི་འཕེལ་རྒྱས་ཀྱི་ཐད་ལ་བསམ་བློ་གཏོང་བ་དང་།མཆོང་བརྒལ་ལྟ་བུའི་འཕེལ་རྒྱས་ཀྱི་ཇུས་ཆེན་མང་པོ་བཀོད་ནས།རང་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་བྱེད་ཕྱོགས་བསྒྱུར་བ་དང་།འཕེལ་རྒྱས་ཀྱི་དཀའ་གནད་སྒྲོལ་བའི་ཆེད་ལ་ཇུས་འདོན་ཤུགས་འདོན་བྱེད་དགོས།
     གྲོས་མོལ་ལྟ་སྐུལ་ལ་གྲུབ་འབྲས་ཡོད་དགོས།ད་ལོར།ང་ཚོས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ལྟ་བ་དོན་འཁྱོལ།མཆོང་བརྒལ་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་སྐུལ་འདེད་གཏོང་རྒྱུ་དེ།སྲིད་གྲོས་ཀྱིས་འགན་ནུས་སྒྲུབ་པ་དང་ཕན་ནུས་འདོན་སྤེལ་བྱེད་པའི་ལྟེ་གནས་དང་གཙོ་བོར་བྱས་ནས།ལོ་ལྔའི་འཆར་གཞི་བཅུ་གཉིས་པ་ལག་ལེན་བསྟར་བ་དང་།ཏང་ཨུ་དང་སྲིད་གཞུང་གི་གལ་ཆེ་བའི་ཇུས་འགོད་བཀོད་སྒྲིག་དེ་སྲིད་གྲོས་ཀྱི་གྲོས་མོལ་ལྟ་སྐུལ་གྱི་གཙོ་གནད་བྱེད་པ།སྲིད་གྲོས་ཨུ་ཡོན་གྱི་ཚང་འཛོམས་གྲོས་ཚོགས་དང་རྒྱུན་ཨུའི་གྲོས་ཚོགས།ཀྲུའུ་ཞིའི་གྲོས་ཚོགས་སོགས་འདྲེན་བྱེད་དང་སྟེགས་བུ་བྱས་ནས།རྣམ་པ་སྣ་ཚོགས་དང་ཐབས་ལམ་མང་བའི་གྲོས་མོལ་བྱེད་སྒོ་སྤེལ་ནས།བསམ་འཆར་ཐབས་འདོན་ཇུས་འབུལ་འདོན་ཏེ།ཆབ་སྲིད་གྲོས་མོལ་དེ་ཏང་ཨུ་དང་སྲིད་གཞུང་གིས་མི་དམངས་ཀྱི་བློ་གྲོས་འདུས་པ་དང་ཚན་རིག་གིས་ཇུས་འགོད་གནད་འགག་བྱས་ནས།ཆབ་སྲིད་གྲོས་མོལ་དེ་བས་གསོན་ཉམས་ལྡན་པ་དང་དེ་བས་ཕུན་སུམ་ཚོགས་ཤིང་གྲུབ་འབྲས་ཡོད་པ་བྱེད་དགོས།
     ཆེད་དོན་བརྟག་དཔྱད་ཞིབ་འཇུག་ལ་གྲུབ་འབྲས་ཐོན་དགོས།མུ་མཐུད་ནས་སྲིད་གྲོས་ཀྱིས་ལས་རིགས་ཁག་སོ་སོའི་ཤེས་ལྡན་མི་སྣའི་དགེ་མཚན་འདོན་སྤེལ་དང་།དམངས་འཚོ་འགན་ལེན་དང་ལེགས་བཅོས་བྱེད་རྒྱུ་དེ་སྲིད་གྲོས་ཀྱི་འགན་ནུས་སྒྲུབ་པའི་འགོ་འཛུགས་ས་དང་མཐའ་ཐུག་གི་དམིགས་ཡུལ་བྱས་ནས།འབྲོག་མིའི་གཞིས་ཆགས་བྱེད་སྒོ་འཆར་གཞི་དམ་འཛིན།ཐེངས་གཉིས་པའི་མི་རིགས་ས་ཁུལ་སློབ་གསོ་འཕེལ་རྒྱས་ལོ་བཅུའི་བྱེད་སྒོ་འཆར་གཞི།ལོ་དགུའི་འོས་འགན་སློབ་གསོ་ཐོག་ལོ་གསུམ་གྱི་འབྲིང་རིམ་ལས་རིགས་སློབ་གསོ་སྣོན་པའི་སློབ་ཡོན་མི་དགོས་པའི་འཆར་གཞི།བོད་ཁུལ་འཕྲོད་བསྟེན་འཕེལ་རྒྱས་ལོ་བཅུའི་བྱེད་སྒོ་འཆར་གཞི།འགྲིམ་འགྲུལ་དང་།ཡུལ་སྐོར།ཐོན་ཁུངས།ཕུན་སུམ་ཚོགས་པའི་གཏེར་ཁ་སོགས་རང་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གལ་ཆེ་བའི་གནད་དོན་དང་མི་དམངས་མང་ཚོགས་ཡོངས་ཁྱབ་ཀྱིས་ཐུགས་ཁུར་དང་དོ་སྣང་བྱེད་པའི་བྲེལ་གནས་དང་དཀའ་གནད་ཀྱི་གནད་དོན་སོགས་གཙོ་བོ་བྱས་ཏེ།གཙོ་འཛིན་བྱེད་སར་ལེགས་གདམས།འཆར་གཞི་ཡོད་པའི་སྒོ་ནས་ཨུ་ཡོན་རྩ་འཛུགས་བྱས་ཏེ་ཆེད་དོན་བརྟག་དཔྱད་ཞིབ་འཇུག་གམ་གཟིགས་ཞིབ་ཀྱི་བྱེད་སྒོ་སྤེལ་ནས།ཁུལ་ཨུ་དང་ཁུལ་སྲིད་གཞུང་ལ་གོ་ཆོད་པའི་ཐབས་འདོན་ཇུས་འབུལ་བྱས་པ་དང་།དངོས་གཉེར་གྱི་ཐབས་ཇུས་འགོད་ལ་འཕེལ་རྒྱས་ཀྱི་གཏམ་བརྗོད་འགོད་དགོས།
     གྲོས་གཞིའི་ལས་དོན་ལ་ཆུ་ཚད་ངེས་ཅན་ཞིག་ཏུ་ཐོན་དགོས།གྲོས་གཞིའི་སྤུས་ཚད་དང་སྒྲུབ་པའི་སྤུས་ཚད།ཞབས་ཞུའི་སྤུས་ཚད་ལེགས་འཛིན་དང་ཏན་ཏིག་དང་།མུ་མཐུད་ནས་ཨུ་ཡོན་གྱིས་གྲོས་གཞི་འབྲི་བའི་རྩ་འཛུགས་ཁྲིད་སྟོན་ལས་དོན་ལེགས་འཛིན།ཨུ་ཡོན་རྣམས་མཆོང་བརྒལ་ལྟ་བུའི་འཕེལ་རྒྱས་སྐུལ་འདེད་གཏོང་རྒྱུ་གཙོ་གནད་བྱེད་པ་དང་།དམངས་འཚོ་ལེགས་བཅོས་དོ་སྣང་དང་།མཐུན་སྦྱོར་སྤྱི་ཚོགས་འཛུགས་སྐྲུན་བྱེད་རྒྱུ་དེ་བྲེལ་གནས་སུ་བྱ་རྒྱུ་ཁྲིད་སྟོན་བྱས་ཏེ།
     གྲོས་གཞི་འདོན་པ།ནན་ཏན་གྱིས་གྲོས་གཞི་སྒྲུབ་པའི་ལས་དོན་ལེགས་སྒྲུབ།གྲོས་གཞི་ཡི་ལས་དོན་སྐུལ་འདེད་དང་།མི་དམངས་ལ་ཕན་བདེ་སྐྲུན་རྒྱུ།གནད་དོན་དངོས་ཐག་གཅོད་བྱེད་པའི་ཕན་ནུས་དོན་སྤེལ་བྱེད་དགོས།དུས་མཚུངས་སུ་ཨུ་ཡོན་གྱིས་གྲོས་གཞི་བྲི་བ་དང་གྲོས་གཞི་སྒྲུབ་པའི་ཞབས་ཞུའི་ལས་དོན་ལེགས་སྒྲུབ།ཕྱོགས་ཡོངས་ནས་གྲོས་གཞིའི་ལས་དོན་གྱི་ཆུ་ཚད་མཐོར་འདེགས་བྱེད་དགོས།
     གསུམ།དམངས་འདོད་ཡར་ཞུ་དང་།དམངས་འཚོ་དོ་སྣང་བྱས་ནས།སྤྱི་ཚོགས་མཐུན་སྦྱོར་བདེ་འཇགས་སྐུལ་འདེད་གཏོང་བར་འབད་དགོས།
  • ལེ་ཚན་སྔོན་མ།:ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྐབས་བཅུ་གཅིག་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་
  • ལེ་ཚན་རྗེས་མ།: སྲིད་གཞུང་གི་ལས་དོན་སྙན་ཞུ།1
  • དོ་སྣང་ཆེ་བའི་རྩོམ།