ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྐབས་བཅུ་གཅིག་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ལས་དོན་སྙན་ཞུ།2

        2011-02-22

བཞི་ནི་སྤྱི་ཚུལ་ཤེས་རྟོགས་དང་།དམངས་འདོད་ཡར་ཞུ་བྱས་ནས་ཕན་འབྲས་དངོས་ལ་དོ་སྣང་བྱེད་པ།སྤྱི་ཚུལ་དམངས་འདོད་ཐད་ཀར་ཡར་ཞུ་བྱེད་ཆོག་པའི་དགེ་མཚན་འདོན་སྤེལ་བྱས་ཏེ།བརྡ་འཕྲིན་ཕྱོགས་བསྡུས་དང་།དབྱེ་ཞིབ།བརྡ་ལན་བྱེད་རྒྱུ་བཅས་ཡག་པོ་སྒྲུབ་ནས།དུས་ཐོག་ཏུ་སྤྱི་ཁྱབ་ཀྱི་རང་བཞིན་དང་།ཉེན་ཟོན་གྱི་རང་བཞིན་ཡོད་པའི་མང་ཚོགས་ཀྱི་གླེང་ཕྱོགས་བརྡ་འཕྲིན་ཡར་ཞུ་བྱས་ནས།ཏང་སྲིད་ཐབས་ཇུས་ལ་དཔྱད་གཞི་འདོན་སྤྲོད་བྱས་པ།ལོ་དགུའི་འོས་འགན་སློབ་གསོ་ཐོག་ལོ་གསུམ་གྱི་འབྲིང་རིམ་ལས་རིགས་སློབ་གསོ་སྣོན་པའི་སློབ་ཡོན་མི་དགོས་པའི་སློབ་མའི་སློབ་སྦྱོང་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་སྐོར་ལ་བཏོན་པའི་གྲོས་འགོ་དེ།ཏང་སྲིད་ཀྱིས་མཐོང་ཆེན་དང་བསྡུས་ལེན་བྱས་ཡོད།ཁུལ་ཕྱི་ལ་ལོག་པའི་སློབ་མ༦༠༠ལྷག་ཙམ་ལ་རིག་གནས་གསབ་ཁྲིད་བྱས་པ་དང་།ལོ་དགུའི་འོས་འགན་སློབ་གསོ་ཐོག་ལོ་གསུམ་གྱི་འབྲིང་རིམ་ལས་རིགས་སློབ་གསོ་སྣོན་པའི་སློབ་ཡོན་མི་དགོས་པའི་སློབ་མའི་འཚོ་བའི་གྲོན་དངུལ་འཕར་སྣོན(སྒོར༣༠༠ནས་སྒོར༤༥༠བར་དུ་འཕར་སྣོན་)བྱས་ཡོད།སློབ་སྦྱོང་གི་ཆ་རྐྱེན་སྔ་ལས་ལེགས་བཅོས་བྱས་པ།སྤྱི་ཚུལ་ཡར་ཞུ་དང་དམངས་འཚོ་ཐུགས་ཁུར་བྱས་པར་བརྒྱུད།མང་ཚོགས་མང་ཤོས་ཀྱིས་སེམས་ཁུར་བྱེད་པའི་གནད་དོན་དང་དཀའ་གནད་ཐག་གཅོད་ཡག་པོ་ཐོབ་ཡོད།
     ལྔ།བརྗོད་བྱ་གཙོ་བོ་དམ་འཛིན་དང་མཐུན་སྦྱོར་སྐུལ་སྤེལ་བྱས་ཏེ་མཐུན་སྒྲིལ་མཉམ་ལས་ཀྱི་རྣམ་པ་ཇེ་བརྟན་དུ་གྱུར་བ།
     མཐུན་སྒྲིལ་དང་དམངས་གཙོའི་བརྗོད་བྱ་གཙོ་བོ་གཉིས་དམ་འཛིན་བྱས་ནས།བྱེད་ཐབས་སྣ་ཚོགས་བརྒྱུད་དེ།ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་ལ་དྲིལ་བསྒྲགས་ཤུགས་ཆེན་དང་།ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་གལ་ཆེ་བའི་ཐབས་ཇུས་བཀོད་སྒྲིག་དྲིལ་བསྒྲགས་བྱས་ནས།ཧུར་ཐག་གིས་མཐུན་སྒྲིལ་མཐུན་འབྲེལ་གྱི་ལས་དོན་སྤེལ་བ།ཧུར་ཐག་གིས་དམངས་གཙོ་མཐུན་སྒྲིལ་དང་གསོན་ཉམས་ལྡན་པ།བདེ་འཇགས་མཐུན་སྦྱོར་གྱི་ཆབ་སྲིད་རྣམ་པ་སྲུང་སྐྱོང་བྱས་ཡོད།
     ཁུལ་སྟོན་ལ་ཞུགས་པ་དང་།ཁུལ་སྲིད་གྲོས་དབུ་བཪྙེས་ནས་ལོ༦༠འཁོར་བ་ལ་རྟེན་འབྲེལ་གཟབ་རྒྱས་སྤེལ་བ།ཁུལ་ཡོངས་ཀྱི་ལས་དོན་གྱི་ཁྱོན་ཡོངས་དང་ལེན་དང་ཞབས་ཞུ་བྱས་ནས།ཆེད་བསྐོས་མི་སྣ་བསྐོས་མངགས་བྱས་ཏེ་ཁུལ་སྟོན་གྲ་སྒྲིག་ནང་དུ་ཞུགས་པ།ཕྱོགས་ཡོངས་ནས་འབྲེལ་ཡོད་ཀྱི་རྩ་འཛུགས་མཐུན་སྦྱོར་དང་འགན་ལེན་གྱི་ལས་འགན་ཁག་སོ་སོ་ལེགས་འགྲུབ་བྱས་པ།ཁུལ་སྟོན་ཕུན་སུམ་ཚོགས་པའི་ངང་ནས་ལེགས་འགྲུབ་འབྱུང་རྒྱུ་ལ་ནུས་ཤུགས་འབུལ་བ།ད་ལོ་ནི་ཁུལ་སྲིད་གྲོས་དབུ་བཪྙེས་ནས་ལོ༦༠འཁོར་བ་ཡིན་པས།ལོ་རྒྱུས་ཕྱོགས་བསྡུས་དང་ལས་དོན་སྐུལ་འདེད།མུ་མཐུད་ནས་ཁུལ་ཡོངས་ཀྱི་སྲིད་གྲོས་ལས་དོན་གྱི་རྣམ་པ་གསར་པ་གསར་གཏོད་བྱེད་ཆེད།མཆོང་བརྒལ་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་སྐུལ་འདེད་གཏོང་བའི་བློ་གྲོས་དང་ནུས་ཤུགས་འདུས་འཛོམས་བྱེད་པ།ཀྲུང་གོ་གུང་ཁྲན་ཏང་གི་དབུ་ཁྲིད་ཀྱི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་གྱི་ལམ་ལུགས་སྔ་ལྷག་གིས་བསྟོད་བསྔགས་བྱེད་ཆེད།ང་ཚོས་བཀོད་སྒྲིག་དམ་ཚགས་དང་།མཐུན་སྦྱོར་གཅིག་གྱུར་བྱས་ནས།ཁུལ་སྲིད་གྲོས་དབུ་བཪྙེས་ནས་ལོ་༦༠འཁོར་བའི་རྟེན་འབྲེལ་གྱི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་ཡོད།ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཐའོ་ཝུའུ་ཤན་དང་།ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ།ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཏའོ་ཕིང་།ཞིང་ཆེན་ནང་ཁུལ་གྱི་གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གྲོང་ཀྱི་དབུ་ཁྲིད་གྲོས་ཚོགས་ནང་དུ་གདན་ཞུ་བྱས་ཡོད།ཕྱོགས་སོ་སོ་མཉམ་འབྲེལ་དང་།ཤུགས་སྒྲིལ་མཉམ་སྒྲུབ་བྱས་ནས།ང་དང་མི་དམངས་སྲིད་གྲོས་ཟེར་བའི་རྩོམ་ཡིག་བསྡུ་བའི་བྱེད་སྒོ་ཟབ་ཏུ་སྤེལ་ཡོད།རྒྱ་ཁྱབ་ཀྱིས་མི་དམངས་ཀྱི་བློ་གྲོས་བསྡུ་ལེན་དང་།ཞིབ་ཚགས་ཀྱིས་ཇུས་འགོད་བྱས་པ།ཁུལ་སྲིད་གྲོས་དབུ་བཪྙེས་ནས་ལོ༦༠འཁོར་བའི་གྲུབ་འབྲས་འགྲེམ་སྟོན་དང་རིག་རྩ་ཆེད་འཁྲབ་དགོང་ཚོགས་ཕུན་སུམ་ཚོགས་པའི་སྒོ་ནས་འཚོགས་ཡོད།འཕྲིན་སྦྱོར་ལ་ཤུགས་གཡར་ནས།ལས་སྟེགས་གསར་གཏོད་བྱས་ཏེ།《སི་ཁྲོན་སྲིད་གྲོས་ཚགས་པར》དང་《དཀར་མཛེས་ཉིན་རེའི་ཚགས་པར》ནང་དུ་ཆེད་དོན་གྱི་པར་ངོས་དང་ལེ་ཚན།ཆེད་བརྗོད་སོགས་འགོད་ཡོད།སྤྲོ་སེམས་འཁོལ་བའི་ངང་ནས་ཁུལ་སྲིད་གྲོས་དབུ་བཪྙེས་ནས་ལོ༦༠འཁོར་བར་རྟེན་འབྲེལ་ཞུས་ནས།ཁུལ་ཡོངས་ཀྱི་སྲིད་གྲོས་ཨུ་ཡོན་གྱིས་ལས་འགན་སྒྲུབ་པའི་གཟི་བརྗིད་ཀྱི་ལྟ་བ་དང་འགན་འཁྲིའི་འདུ་ཤེས།ལས་འགན་གྱི་ལྟ་བ་སྐུལ་སྤེལ་བྱས་ཏེ།སྲིད་གྲོས་བྱ་གཞག་འཕེལ་རྒྱས་ལ་སྐྱེ་སྟོབས་དང་གསོན་ཤུགས་གསར་སྣོན་བྱས་པ།ཁུལ་སྲིད་གྲོས་དབུ་བཪྙེས་ནས་ལོ་༦༠འཁོར་བར་རྟེན་འབྲེ་གཟབ་རྒྱས་བྱས་ནས།ཁུལ་སྟོན་ལ་འབུལ་རྟེན་འབུལ་ཆེད།ང་ཚོས་ཕྱོགས་སོ་སོས་འབད་བརྩོན་བྱས་ནས།ཧུར་ཐག་གིས་གྲ་སྒྲིག་དང་།《དཀར་མཛེས་སྲིད་གྲོས》ཀྱི་དུས་དེབ་གསར་འཛུགས་བྱས་ཡོད།དེ་ནས་བཟུང་།ཁུལ་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་ལ་རང་ཉིད་དྲིལ་བསྒྲགས་གཏོང་བའི་མགྲིན་ཚབ་པ་ཡོད་པ་དང་།ལས་དོན་ཡར་ཞུ་བྱེད་པའི་ལས་སྟེགས་ཡོད་ལ།མི་དམངས་ཀྱི་བློ་གྲོས་འདུས་འཛོམས་བྱེད་པའི་གནས་ཡུལ་ཡོད།སྲིད་གྲོས་ཀྱི་ལས་དོན་བརྗེ་སྤེལ་དང་།སྲིད་གྲོས་ཀྱི་རིག་གཞུང་ཞིབ་འཇུག་གྲོས་བསྡུར་དང་།ཨུ་ཡོན་གྱི་བརྗིད་ཉམས་སྟོན་ཆེད་གལ་ཆེ་བའི་ཕན་ནུས་བཏོན་ཡོད།
     བདེ་འཇགས་སྲུང་སྐྱོང་བྱས་ནས།སྤྱི་ཚོགས་མཐུན་སྦྱོར་སྐུལ་འདེད་བྱེད་ཆེད་ལ་ཧུར་ཐག་གི་ལེགས་སྐྱེས་འབུལ་བ།སྲུང་སྐྱོང་གསུམ་གྱི་དར་ཆ་མཐོར་བསྒྲེངས་ནས།ཏང་ཨུ་དང་སྲིད་གཞུང་ལ་འབྲེལ་བ་མཐུན་སྦྱོར་དང་གསོན་ཤུགས་མཐུན་སྦྱོར།འགལ་བ་རྩོད་གཞི་འདུམ་འགྲིགམི་སེམས་འདུས་འགྲིགབདེ་འཇགས་སྲུང་སྐྱོང་གི་ལས་དོན་སྒྲུབ་རོགས་བྱས་པ།ཁུལ་ཨུའི་གཅིག་གྱུར་གྱིས་བཀོད་སྒྲིག་ལྟར།ད་ལོའི་ཟླ༣པའི་ཚེས་༡༠ཉིན་དང་ཟླ་༣པའི་ཚེས༡༤ཉིན།ཁུལ་སྟོན་དུས་སྐབས་སུ།ཁུལ་སྲིད་གྲོས་ཀྱིས་ཁུལ་དང་རྫོང་རིམ་པའི་འགོ་ཁྲིད་ཁ་ཤས་མངགས་ནས་རྫོང་ཁག་སོ་སོའི་བདེ་འཇགས་སྲུང་སྐྱོང་གི་ལས་དོན་ལ་ཁྲིད་སྟོན་བྱས་པ་དང་།མང་ཚོགས་གླེང་ཕྱོགས་ཀྱི་བརྡ་འཕྲིན་ཤེས་རྟོགས།འགལ་བ་རྩོད་གཞི་འདུམ་འགྲིག་བྱས་ཏེ།ཁུལ་ཡོངས་ཀྱི་གནས་བབ་བདེ་འཇགས་ཡོང་རྒྱུ་ལ་ཧུར་ཐག་གིས་བྱས་རྗེས་བཞག་ཡོད།
     དགེ་མཚན་འདོན་སྤེལ་དང་།མི་རིགས་ཆོས་ལུགས་དང་མང་ཚོགས་ཀྱི་ཡིག་སྐུར་ངོ་གཏུག་གི་ལས་དོན་ལ་མུ་མཐུད་ནས་ཤུགས་སྣོན་རྒྱག་པ།ནན་ཏན་གྱིས་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དོན་འཁོལ་དང་།ཏང་ཨུ་དང་སྲིད་གཞུང་གིས་མི་རིགས་ཆོས་ལུགས་ལས་དོན་ལེགས་སྒྲུབ་ལ་གཞོགས་འདེགས་བྱས་པ།མུ་མཐུད་ནས་འདྲ་མཉམ་དང་མཐུན་སྒྲིལ།རོགས་རེས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་གསར་པ་བརྟན་སྲུང་དང་འཕེལ་རྒྱས་བཏང་བ།ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་མཐུན་རྒྱུར་སྣེ་ཁྲིད་པ།མི་རིགས་ཆོས་ལུགས་ལས་རིགས་ཨུ་ཡོན་གྱི་ཧུར་ཐག་གི་ཕན་ནུས་འདོན་སྤེལ་གང་ལེགས་དང་།ཆོས་ལུགས་ཚོགས་པའི་ཁྲིམས་མཐུན་གྱི་ཁེ་དབང་སྲུང་སྐྱོང་།མི་རིགས་མཐུན་སྒྲིལ་དང་།ཆོས་ལུགས་འཆམ་མཐུན།སྤྱི་ཚོགས་མཐུན་སྦྱོར་སྐུལ་འདེད་བཏང་བ།ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཀྱི་མི་རིགས་ཆོས་ལུགས་ལས་དོན་གྱི་བགྲོ་གླེང་ཚོགས་འདུ་ནང་དུ་ཞུགས་ནས།བསམ་ཚུལ་བརྗེ་རེས་ལ་ཤུགས་སྣོན་དང་།སྲིད་གྲོང་མི་རིགས་ཆོས་ལུགས་ལས་དོན་ཟབ་སྤེལ་ལ་སྐུལ་འདེད་བཏང་བ།རྣམ་པ་སྣ་ཚོགས་ཀྱི་བཞུགས་མོལ་ཚོགས་འདུ་དང་ཇ་སྟོན་ཚོགས་འདུ།མཉམ་འབྲེལ་ཚོགས་འདུ་འཚོགས་ནས།མི་རིགས་ཁག་དང་ལས་རིགས་ཁག་སོ་སོ་བར་གྱི་འབྲེལ་བ་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ།མཐུན་སྒྲིལ་མཉམ་ལས་སྐུལ་འདེད་བྱས་ཡོད།ཡིག་སྐུར་ངོ་གཏུག་དང་གལ་ཆེ་ཞིང་ཁ་ཚ་དགོས་གཏུག་གི་གོང་གཏུག་དོན་རྐྱེན་མཁོ་བསྟུན་ཐག་གཅོད་ཀྱི་ལས་དོན་ལེགས་སྒྲུབ།ནན་ཏན་གྱིས་གོང་གཏུག་བྱེད་བྱེད་པའི་མང་ཚོགས་ཀྱི་འདོད་མོས་ཉན་པ་དང་ཡར་ཞུ་བྱེད་པ།ལམ་སྟོན་སློབ་ཁྲིད་སློབ་གསོའི་ལས་དོན་ལེགས་སྒྲུབ་བྱས།ལོ་ཡོངས་ལ་ཡིག་སྐུར་ངོ་གཏུག༣༥སྣེ་ལེན་དང་ཐག་གཅོད་བྱས་ཡོད།
     ཁྱད་ཆོས་མངོན་གསལ་དང་།རིག་གནས་ལོ་རྒྱུས་ཀྱི་སྲིད་འདྲི།རིག་གཞུང་ཞིབ་འཇུག་དང་གསར་འགྱུར་དྲིལ་བསྒྲགས་ལས་དོན་ཟབ་ཏུ་སྤེལ་བ།རང་ཉིད་གཡུལ་སའི་ཕན་ནུས་འདོན་སྤེལ་དང་།སྐད་སྒྲ་ཆེན་པོ་བསྒྲགས་པ་དང་།ཤུགས་རྐྱེན་རྒྱ་སྐྱེད་བཏང་ནས།《དཀར་མཛེས་ཁུལ་རིག་གནས་ལོ་རྒྱུས》(ཁུལ་དབུ་བཪྙེས་ནས་ལོ༦༠དང་ཁུལ་སྲིད་གྲོས་དབུ་བཪྙེས་ནས་ལོ་༦༠དྲན་གསོ་བྱེད་པའི)དེབ༢༤དང《དཀར་མཛེས་ཁུལ་གྱི་རིག་གནས་ལོ་རྒྱུས》(གཞོན་ནུ་ལོ་གྲངས་གླུ་དབྱངས་བཞིན-དཀར་མཛེས་ཁུལ་གྱི་གཞོན་ནུ་ཤེས་ཡོན་ཅན)གྱི་དེབ༢༥ཡི་རྩོམ་སྒྲིག་ལས་དོན་ལེགས་འགྲུབ་བྱས།ཝུན་ཁྲོན་ཟླ༥པའི་ཚེས༡༢ཉིན་གྱིས་ས་འགུལ་ཆེན་པོ་དང་སྐྱེ་རྒུ་ས་འགུལ་གྱི་འབྲེལ་ཡོད་ལོ་རྒྱུས་དཔྱད་ཡིག་བསྡུ་ལེན་དང་ཡར་ཞུའི་ལས་དོན་ལེགས་འགྲུབ་བྱས།སྲིད་གྲོས་ཀྱི་འགན་ནུས་སྒྲུབ་རྒྱུ་ལྟེ་གནས་བྱས་ནས།ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཕན་ནུས་འདོན་སྤེལ་བྱེད་པ་སོགས་ཀྱི་ཞིབ་འཇུག་བྱ་གཞི་ལ་རིག་གཞུང་ཞིབ་འཇུག་བྱས་ཡོད།《ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཕན་ནུས་འདོན་སྤེལ་བྱེད་པའི་གཙོ་གནས་ནི་ཚན་ཁག་འཛུགས་སྐྲུན་ཡིན》དང་《སྲིད་གྲོས་ལས་དོན་ལེགས་སྒྲུབ་བྱེད་དགོས་ན་དེ་བས་འགོ་བཟུང་དགོས》སོགས་ཀྱི་རིག་གཞུང་གི་རྩོམ་ཡིག་བྲིས་ཡོད།སྲིད་གྲོས་རིག་གཞུང་ཞིབ་འཇུག་གི་ལས་དོན་མུ་མཐུད་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ།《སི་ཁྲོན་སྲིད་གྲོས་ཚགས་པར》དང་《དཀར་མཛེས་ཉིན་རེའི་ཚགས་པར》གྱི་ནང་དུ་ཁུལ་སྲིད་གྲོས་གྱི་ལས་དོན་ཡར་ཞུ་བྱེད་པའི་རྩོམ་ཡིག༥༠ལྷག་ཙམ་འགོད་པ་དང་།ཆེད་དོ་ལེ་ཚན་དུ་བཞི་གསར་འཛུགས་ཡོད།སྲིད་གྲོས་བརྡ་འཕྲིན་སྐབས༣༥དང་།སྤྱི་ཚུལ་དམངས་འདོད་སྐབས༣༠རྩོམ་ནས་འགྲེམས་པ།རང་ཤུགས་ཀྱིས་ཞིང་ཆེན་སྲིད་གྲོས་དང་།ཁུལ་ཨུ།ཁུལ་སྲིད་གཞུང་ལ་སྙན་ཞུ་དང་འབྲེལ་བ་བྱེད་རྒྱུ་ཤུགས་སྣོན་རྒྱག་པ།ཕན་ཚུན་གནས་ཚུལ་སྤེལ་རེས་དང་།མཉམ་ལས་ཤུགས་སྣོན།ལས་དོན་སྤེལ་རྒྱུ་ལ་སྐུལ་འདེད་བཏང་ཡོད།
     མཐུན་འབྲེལ་ལ་ཤུགས་སྣོན་རྒྱག་ཅིང་།ཕྱི་ཕྱོགས་དང་བརྗེ་སྤེལ་བྱེད་རྒྱུ་བྱེད་མུ་མཐུད་ནས་ཟབ་ཏུ་སྤེལ་བ།ཕྱི་ཕྱོགས་ལ་འགྲོ་བ་དང་ནང་དུ་འདྲེན་པའི་བྱེད་ཐབས་སྤྱོད་དེ།གོམ་གང་མདུན་སྤོས་ཀྱིས་མཐུན་འབྲེལ་གྲོགས་སྒྲིག་གི་སྟེགས་བུ་འཛུགས་པ།ཁུལ་སྲིད་གྲོས་ལས་བྱེད་པ་རྩ་འཛུགས་བྱས་ནས་ཧྥུའུ་ཅན་དང་ཧྲ་མོན་སོགས་སུ་སློབ་སྦྱོང་དང་གཟིགས་ཞིབ་སོང་བ།མིག་རྒྱ་ཆེ་སྐྱེད་དང་ལས་འགན་སྒྲུབ་ནུས་མཐོར་འདེགས་བྱས་ཡོད།རང་ཤུགས་ཀྱིས་ཞིང་ཆེན་དང་གྲོང་ཁྱེར།ཁུལ་གཞན་གྱི་སྲིད་གྲོས་ཀྱི་འབྲེལ་འདྲིས་འབྲེལ་མཐུད་དང་བརྗེ་སྤེལ་ལས་དོན་ཤུགས་སྣོན་རྒྱག་པ།སྤྲོ་སེམས་འཁོལ་བའི་ངང་ནས་རྒྱལ་ཡོངས་སྲིད་གྲོས་དང་ཧྲང་ཧའེ།ཅང་ཧྲུའུ།བོད་ལྗོངས་སོགས་ཀྱི་ཞིང་ཆེན་གྲོང་ཁྱེར་རང་སྐྱོང་ལྗོངས་སོགས་སྲིད་གྲོས་ཀྱི་གཟིགས་ཞིབ་ཚོགས་པ༣༥མི་གྲངས༣༠༠ལྷག་ཙམ་ལ་སྣེ་ལེན་བྱས།བརྗེ་སྤེལ་བྱས་པར་བརྒྱུད།དཀར་མཛེས་དྲིལ་བསྒྲགས་དང་།མཛའ་བཤེས་སྤེལ་བ།སྐྱོན་སྤངས་དགེ་སྒྲུབ།ལས་དོན་སྐུལ་འདེད་ཀྱི་དམིགས་ཡུལ་འགྲུབ་ཡོད།
     དྲུགསྒྲིག་སྲོལ་ལེགས་འཛུགས་དང་རྨང་གཞི་སྲ་བརྟན་དུ་བཏང་ནས་སྲིད་གྲོས་ཀྱི་ལས་དོན་གསོན་ཉམས་ཇེ་དོད་དུ་སོང་བ།
     རང་ཤུགས་ཀྱིས་གནས་བབ་གསར་པ་དང་།ལས་འགན་གསར་པའི་རེ་བ་དང་མཐུན་ཐབས་བྱེད་པ།ལས་རིགས་ཁག་གི་ཁྱད་ཆོས་གཙོ་འབུད་དང་།ཨུ་ཡོན་གྱི་ཕན་ནུས་གཙོ་བོ།ཆེད་དོན་ཨུ་ཡོན་ལྷན་ཁང་གི་རྨང་གཞིའི་ཕན་ནུས་འདོན་སྤེལ།སྲོད་གྲོས་ལས་ཁུངས་འཛུགས་སྐྲུན་གྱི་སྤྱི་ཁོག་རེ་འདུན་ལྟར།མུ་མཐུད་ནས་སྲོལ་རྒྱུན་བཟང་པོ་དར་སྤེལ་དང་།སྲིད་གྲོས་ཀྱི་རང་ཉིད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་ནས།ལས་འགན་སྒྲུབ་པའི་ནུས་པ་མཐོར་འདེགས་བྱས་ཡོད།
     ལས་རིགས་ཁག་གི་ཟམ་ཐག་ལྟ་བུའི་ཕན་ནུས་འདོན་སྤེལ་བྱེད་པ།《སྲིད་གྲོས་སྐབས་བཅུ་གཅིག་པའི་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་གི་ལས་རིགས་ཁག་གི་འབྲེལ་བའི་ལམ་ལུགས》《སྲིད་་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་༢༠༡༠ལོའི་ལས་རིགས་ཁག་་ལས་དོན་སྤེལ་བའི་ལག་བསྟར་བསམ་འཆར》སོགས་གཏན་འབབས་བྱས་ཡོད།ལས་རིགས་ཁག་གི་བྱེད་སྒོ་སྡུད་མཁན་གྱི་ལམ་ལུགས་དང་།ཀྲུའུ་ཞིའི་གྲོས་ཚོགས་ཀྱི་ཁོངས་མི་དང་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོས་ལས་རིགས་ཁག་ལ་འབྲེལ་བ་བྱེད་པའི་ལམ་ལུགས་འཛུགས་པ།ལས་རིགས་ཁག་སོ་སོའི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་པ།ལས་རིགས་ཁག་དང་འབྲེལ་འདྲིས་འབྲེལ་མཐུད་ལ་མཐོང་ཆེན་བྱེད་པ།ལས་རིགས་ཁག་གི་འཐུས་མིས་གྲོས་ཚོགས་ཐོག་ཏུ་གཏམ་བཤད་བྱེད་རྒྱུ་བཀོད་སྒྲིག་བྱེད་པ།ལས་རིགས་ཁག་གི་གྲོས་གཞི་དང་།སྤྱི་ཚུལ་དམངས་འདོད་ཀྱི་བརྡ་འཕྲིན་བསྡུ་ལེན།རིམ་པ་མང་པོ་དང་ཕྱོགས་མང་པོའི་ཐད་ནས་སྤྱི་ཚོགས་རིམ་པ་ཁག་གི་མང་ཚོགས་ཀྱི་འདོད་མོས་དང་རེ་བ་ཡར་ཞུ་བྱས་པ།
     ་ཡོན་གྱི་ཕན་ནུས་གཙོ་བོ་འདོན་སྤེལ་བྱེད་པ།《ཁུལ་སྲིས་གྲོས་ཀྱི་ཚང་འཛོམས་གྲོས་ཚོགས་དང་རྒྱུན་ཨུའི་གྲོས་ཚོགས་ཀྱི་དགོངས་སེང་ཞུ་བ་དང་ལས་ཞུགས་ཞིབ་བཤེར་ལག་ལེན་བསྟར་བའི་ཐབས་ཤེས》གཏན་འབེབས་བྱས་ནས།སྲིད་གྲོས་ཨུ་ཡོན་གྱི་འགན་འཁྲིའི་ལྟ་བ་དང་སྒྲིག་ལམ་གྱི་ལྟ་བ་ཤུགས་ཆེ་རུ་བཏང་བ།ཨུ་ཡོན་གྱི་འགན་ནུས་སྒྲུབ་རྒྱུ་རྒྱབ་སྐྱོར་བྱེད་པ་དང་།ཨུ་ཡོན་གྱིས་རང་འགན་ལས་དོན་ནང་གི་མིག་དཔེའི་ཕན་ནུས་དང་སྲིད་གྲོས་ལས་དོན་ནང་གི་སྔོན་ཐོན་གྱི་ཕན་ནུས།ལས་རིགས་ཁག་གི་མང་ཚོགས་ནང་གི་འཐུས་མིའི་ཕན་ནུས(ཕན་ནུས་གསུམ།)འདོན་སྤེལ་གང་ལེགས་བྱེད་པ།ཨན་ཡོན་གྱིས་གྲོས་གཞི་གཅིག་སྤྲད་དང་།སྤྱི་ཚུལ་དམངས་འདོད་གཅིག་ཡར་ཞུ།བརྟག་དཔྱད་གཟིགས་ཞིབ་ཐེངས་གཅིགམི་དམངས་མང་ཚོགས་ལ་བྱ་བ་བཟང་པོ་གཅིག་སྒྲུབ་དགོས་པའི་གཅིག་ཅན་བཞིའི་བྱེད་སྒོ་རྩ་འཛུགས་དང་སྤེལ་བ།ཕུལ་བྱུང་གི་སྲིད་གྲོས་ཨུ་ཡོན་གཟེངས་བསྟོད་དང་།ཨུ་ཡོན་གྱིས་འགན་ནུས་སྒྲུབ་པའི་ཧུར་ཐག་གི་རང་བཞིན་སྐུལ་སློང་སྤེལ་བ།ཨུ་ཡོན་གྱིས་ཆེད་དུ་གདན་འདྲེན་ཞུ་བའི་ལྟ་སྐུལ་བའི་འགན་ཁུར་རྒྱུ་ངོ་སྤྲོད་བྱེད་པ།ཁོ་ཚོའི་ལྟ་སྐུལ་གྱི་འགན་ནུས་སྒྲུབ་རྒྱུ་རྒྱབ་སྐྱོར།ཨུ་ཡོན་གྱི་ལས་ཁུངས་སུ་འཚམས་འདྲི་ཞུ་རྒྱུ་རྒྱུན་འཁྱོངས།ཨུ་ཡོན་གྱི་དམངས་གཙོའི་དབང་ཆ་སྲུང་སྐྱོང་བྱེད་དགོས།
     ཆེད་དོན་ཨུ་ཡོན་ལྷན་ཁང་གི་རྨང་གཞིའི་ཕན་ནུས་འདོན་སྤེལ་བྱེད་པ།ཆེད་དོན་ཨུ་ཡོན་ལྷན་ཁང་གི་ལས་དོན་སྒྲིག་ལམ་གཏན་འབེབས་དང་།ལས་དོན་ཚད་མཐུན་ཅན།ལམ་ལུགས་ཚད་དུ་སྤེལ་འདེད་བཏང་བ།ལས་སྒྲུབ་ནུས་ཤུགས་སྣོན་པ་དང་།ལས་སྒྲུབ་ལས་ཁུངས་འཐུས་ཚང་བཏང་བ།ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞིའི་སློབ་སྦྱོང་གི་གྲོས་ཚོགས་འཚོགས་ནས།ཆེད་དོན་ཨུ་ཡོན་ལྷན་ཁང་གི་ལས་དོན་ཆེད་དོན་གྱི་ཞིབ་འཇུག་གྲོས་བསྡུར་བྱས་ཏེ།ཆེད་དོན་ཨུ་ཡོན་ལྷན་ཁང་གི་ལས་དོན་ཏན་ཏིག་སྤེལ་བ་ལ་སྐུ་འདེད་གཏོང་བ།གཅིག་འགྱུར་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་ཅིང་།གྲོས་གཞི་དང་བརྟག་དཔྱད་ཞིབ་འཇུག་གཟིགས་ཞིབ།སྤྱི་ཚུལ་དམངས་འདོད་ཡར་ཞུ་བྱེད་པ་སོགས་རྒྱུན་རིམ་ཅན་གྱི་ལས་དོན་ཟབ་སྤེལ་ལ་སྐུལ་འདེད་བཏང་བ།ཆེད་དོན་ཨུ་ཡོན་ལྷན་ཁང་གོང་དུ་འཕེལ་བ་སྲིད་གྲོས་ཀྱི་འགན་ནུས་སྒྲུབ་པའི་ནང་གི་རྨང་གཞིའི་ཕན་་འདོན་སྤེལ་གང་ལེགས་བྱས་ཡོད།
  • ལེ་ཚན་སྔོན་མ།:ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྐབས་བཅུ་གཅིག་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་
  • ལེ་ཚན་རྗེས་མ།:ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྐབས་བཅུ་གཅིག་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་
  • དོ་སྣང་ཆེ་བའི་རྩོམ།