ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྐབས་བཅུ་གཅིག་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ལས་དོན་སྙན་ཞུ།1

        2011-02-22

(༢༠༡༡ལོའི་ཟླ་༡པའི་ཚེས་༩ཉིན།སྲིད་གྲོས་སྐབས་བཅུ་གཅིག་པའི་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་གི་ཐེངས་བཞི་པའི་གྲོས་ཚོགས་ཐོག)     ཧོ་ཐའོ་ཡིས།ཨུ་ཡོན་རྣམ་པ་དང་བློ་མཐུན་པ་ཚོ།      ངས་སྲིད་གྲོས་སྐབས་བཅུ་གཅིག་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ཚོགས་ཀྱི་མངགས་བཅོལ་ལྟར།ཚོགས་ཆེན་ལ་ལས་དོན་སྐོར་གྱི་སྙན་ཞུ་འབུལ་རྒྱུ་ཡིན་པས།ཨུ་ཡོན་རྣམ་པས་གྲོས་ཞིབ་གནང་རོགས་དང་།བློ་མཐུན་རྣམ་པས་དགོངས་འཆར་གནང་རོགས་ཞུ།
     ༢༠༡༠ལོའི་ལས་དོན་ལ་ཕྱི་མིག་བལྟ་བ།      ༡༠༡༠ལོ་ནི་ཁུལ་སྲིད་གྲོས་དབུ་བཪྙེས་ནས་ལོ་འཁོར་༦༠ཡིན་ལ།རང་ཁུལ་མི་དམངས་སྲིད་གྲོས་ཀྱི་ལས་དོན་དེ་བས་འཁྲུག་པོ་དང་བྱས་རྗེས་མངོན་གསལ་དོད་པོ་བཞག་པའི་ལོ་ཞིག་ཡིན།ལོ་གཅིག་གི་རིང་།ཀྲུང་གུང་དཀར་མཛེས་ཁུལ་ཨུའི་དབུ་ཁྲིད་བརྟན་པོ་དང་ཞིང་ཆེན་སྲིད་གྲོས་ཀྱི་ཁྲིད་སྟོན་འོག་ཏུ་།ང་ཚོས་རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོར་པོ་བསྒྲེངས།མཐུན་སྒྲིལ་དང་དམངས་གཙོའི་བརྗོད་བྱ་གཙོ་བོ་དམ་འཛིན་བྱས་ནས་ཏང་གི་ཚོགས་ཆེན་བཅུ་བདུན་དང་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་པ་དང་ཐེངས་ལྔ་པའི་སྙིང་དོན་སློབ་སྦྱོང་དང་དོན་འཁྱོལ་ཟབ་སྤེལ།ཞིང་ཆེན་ཏ་ཨུའི་སྐབས་དགུ་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་བརྒྱད་པ།ཁུལ་ཨུའི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་དང་བཅུ་པའི་སྤྱི་ཁོག་གི་བཀོད་སྒྲིག་ལྟར།ཏེང་་ཞོའི་ཕིང་གི་རིགས་པའི་གཞུང་ལུགས་དང་མཚོན་བྱེད་གསུམ་གྱི་གལ་ཆེའི་དགོངས་དོན་གྱི་ཁྲིད་སྟོན་འོགཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ལྟ་བ་དོན་འཁྱོལ་ཟབ་ཏུ་སྤེལ་བ་དང་།ཞིང་ཆེན་ཏང་ཨུའི་བརྗོད་བྱ་གཅིག་དང་ཤུགས་སྣོན་གསུམ་གྱི་བོད་ཁུལ་ལས་དོན་གྱི་སྤྱི་ཁོག་བསམ་ཕྱོགས་ལྟེ་གནས་སུ་བྱས་ནས།མཆོང་བརྒལ་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་སྐུལ་འདེད་བྱེད་པའི་ལས་དོན་གྱི་བརྗོད་བྱ་ལྟར།འབྲེལ་བ་མཐུན་སྦྱོར་དང་།ནུས་ཤུགས་འདུས་འཛོམས།ཐབས་འདོན་ཇུས་འབུལ།ཁྱོན་ཡོངས་ལ་ཞབས་ཞུ་བྱེད་པའི་གལ་ཆེ་བའི་ཕན་ནུས་འདོན་སྤེལ་གང་ལེགས་བྱས་ཤིང་།ད་ལོའི་ལས་དོན་ལེགས་འགྲུབ་བྱུང་བས།དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བར་ཧུར་ཐག་གིས་བྱས་རྗེས་ཕུལ་ཡོད།
     གཅིགསློབ་སྦྱོང་ལ་ཤུགས་སྣོན་དང་ལྟ་བ་ཇེ་མཐུན་བྱས་ཏེ་བསམ་བློའི་ཆབ་སྲིད་ཀྱི་རྨང་གཞི་ཇེ་བརྟན་དུ་བཏང་བ།
     སྦྱོང་པ་དང་བྲལ་ན་འཇོན་ཐང་དང་ཤེས་རྒྱ་སྐྱེད་མི་ཐུབ།འཕེལ་རྒྱས་ཇེ་མགྱོགས་དང་སྤུས་ཀ་མཐོར་གཏོང་བའི་ལས་འགན་དམིགས་ནས་ང་ཚོས་མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོའི་ཕུལ་བྱུང་གི་ཁྱད་ཡོན་འདོན་སྤེལ་གལ་ལེགས་བྱེད་ཅིང་།འཕེལ་རྒྱས་ཀྱི་ནུས་ཤུགས་གཅིག་ཏུ་བསྡུས་པ་དེ་འགན་ནུས་སྒྲུབ་པའི་གལ་ཆེའི་ལས་འགན་ཞིག་བྱས་པའི་ཡིན།དུས་ཐོག་ཏུ་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་ཞིའི་གྲོས་ཚོགས།རྒྱུན་ཨུའི་གྲོས་ཚོགས།ཆེད་དོན་གྱི་སློབ་སྦྱོང་གྲོས་ཚོགས་འཚོགས་ནས།ཀྲུང་གུང་སྐབས་བཅུ་བདུན་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་དང་ལྔ་པ།ཞིང་ཆེན་ཏང་ཨུའི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་བརྒྱད་པའི་སྙིང་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས།ཁུལ་ཨུའི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་དང་བཅུ་པའི་སྙིང་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས།ཀྲུང་དབྱང་གི་ཐེངས་ལྔ་པའི་བོད་ལྗོངས་ལས་དོན་བཞུགས་མོལ་ཚོགས་འདུ་དང་།སི་ཁྲོན་བོད་ཁུལ་ལས་དོན་བཞུགས་མོལ་ཚོགས་འདུ།ནུབ་བརྒྱུད་གསར་སྤེལ་ཆེན་པོའི་གྲོས་ཚོགས་ཀྱི་སྙིང་དོན་སློབ་སྦྱོང་ཟབ་ཏུ་སྤེལ་བ།སྲིད་གྲོས་ཀྱི་ལས་དོན་དང་ཟུང་འབྲེལ་བྱས་ནས་གཅིག་བསྡུས་ཀྱི་བགྲོ་གླེང་དང་།ཆེད་དོན་འཆར་ཁྲིད།སློབ་སྦྱོང་གི་ཉམས་མྱོང་སྤེལ་རེས་བཅས་བྱས་པའི་རྣམ་པ་སྣ་ཚོགས་སྤེལ་ནས།བསམ་བློར་གོ་ཆ་སྤྲས་པ་དང་།ལག་ལེན་ཁྲིད་སྟོན་།ལས་དོན་སྐུལ་འདེད་བྱས་པ།ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ།ཁུལ་ཨུའི་ཡིས་སྤྱི་ཁོག་གི་གནས་བབ་དང་དུས་རིམ་ཅན་གྱི་ཁྱད་ཆོས་དབྱེ་འབྱེད་བྱེད་པའི་ཡག་དག་པའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་པ་དང་།ཁུལ་དབུ་བཪྙེས་ནས་ལོ་༦༠འཁོར་བའི་ལོ་རྒྱུས་ལ་ཕྱི་མིག་ལྟ་བ་དང་།མ་འོངས་རྒྱང་ལྟ།མི་སེམས་སྐུལ་སློང་།དཔའ་ངར་སྐུལ་འདེད་བྱེད་པའི་གལ་ཆེན་བའི་རང་བཞིན་ངོས་འཛིན་གཏིང་ཟབ་བྱས་པ།ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་འཕེལ་རྒྱས་ཇུས་འགོད་དང་།ནུབ་རྒྱུད་གསར་སྤེལ་ཆེན་པོ་ལག་ལེན་ཟབ་ཏུ་བསྟར་བ་སོགས་ཀྱི་གལ་ཆེ་བའི་ཇུས་འགོད་བཀོད་སྒྲིག་གི་ཡང་དག་པའི་རང་བཞིན་ངོས་འཛིན་གཏིང་ཟབ་བྱས་པ།ལས་རིགས་ཁག་གི་མི་སྣའི་བསམ་བློ་དང་བྱ་སྤྱོད་སོགས་ཀྲུང་དབྱང་དང་ཞིང་ཆེན་།ཁུལ་ཨུའི་ཇུས་འགོད་བཀོད་སྒྲིག་གི་ཐོག་ལ་གཅིག་གྱུར་བྱས་པ།བློ་གྲོས་དང་ནུས་ཤུགས་དེ་མཆོང་རྒལ་ལྟ་བུའི་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ཐོག་ལ་འདུས་ཡོད་པ།ཁྱོན་ཡོངས་ཀྱི་ལྟ་བ་དང་གོ་སྐབས་ཀྱི་འདུ་ཤེས།སེམས་ཁུར་གྱི་འདུ་ཤེས།འཕེལ་རྒྱས་རྒྱས་ཀྱི་ལྟ་བ་བཅས་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་པ།ཐོག་མཐའ་བར་གསུམ་དུ་ཁུལ་ཨུ་དང་བསམ་པའི་ཐོག་ལ་བློ་སེམས་གཅིག་པ་དང་།དམིགས་ཚད་ཀྱི་ཐད་ལ་ཁ་གཅིག་པ།ལས་དོན་གྱི་སྟེང་ལ་གོམ་འགྲོས་གཅིག་པ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་པ་ཡིན།གཉིས།བརྗོད་བྱ་གཙོར་འདོན་དང་ཕན་འབྲས་དོ་སྣང་བྱས་ཏེ་ཆབ་སྲིད་གྲོས་མོལ་རྒྱ་ཆེར་ཇེ་ཟབ་དུ་བཏང་བ།      ཁུལ་ཡོངས་ཀྱི་ལས་དོན་སྤྱི་ཁོག་གི་བྱེད་ཕྱོགས་དང་ལས་དོན་གྱི་ནང་དོན་སྙིང་པོ་དམ་འཛིན་བྱས་ནས།མཆོང་རྒལ་འཕེལ་རྒྱས་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་སྐུལ་འདེད་གཏོང་རྒྱུ་དེ་འགན་ནུས་སྒྲུབ་པའི་ལས་འགན་གཙོ་བོ་བྱས་པ།ཁུལ་ཡོངས་ཀྱི་ལྟ་བའི་ལས་དོན་དམ་འཛིན་བྱས་ནས།གྲོས་མོལ་གྲོས་བསྡུར་དང་།ཐབས་འདོན་ཇུས་འབུལ་འདོན་པ་།དཔལ་འབྱོར་བརྟན་བརླིང་དང་མགྱོགས་སུ་འཕེལ་རྒྱས་འགྲོ་བར་ནུས་པ་ཅི་ཡོད་འབུལ་བ།     གཅིག་ནི་དཔལ་འབྱོར་སྤྱི་ཁོག་ལེགས་སུ་སྤེལ་བ་ལ་ཞབས་ཞུ་བྱས་པ།གནད་ཆེན་ཤུགས་འདོན་དང་།རིམ་མང་གྲོས་མོལ།ཕྱོགས་མང་གྲོས་འདོན་གཙོ་བོ་བྱེད་པ།མཉམ་དུ་ཡོང་སླ་མོ་མིན་པའི་འཕེལ་རྒྱས་ཀྱི་གནས་བབ་བརྟན་སྲུང་བྱས་ནས་དཔལ་འབྱོར་འཕེལ་རྒྱས་ཇེ་མགྱོགས་ལ་ཞབས་འདེབས་ཞུ་བ།དཔལ་འབྱོར་འཕེལ་རྒྱས་ཐོག་ཡར་ཐོན་ཡར་སྤེལ་དང་།ནུས་ཤུགས་གསོག་འཇོག་ཅེས་པའི་དུས་སྐབས་ཀྱི་བླང་བྱར་ཡང་དག་ངེས་འཛིན་བྱེད་ཅིང་།སྐབས་འདིའི་ཐེངས་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཀྱི་ཆེད་དོན་གཏམ་བཤད་དང་།ཚོ་ཆུང་གྲོས་བསྡུར་བྱས་པར་བརྒྱུད་ནས་།ཐོན་ལས་གསོ་སྐྱོང་དང་།རྨང་གཞིའི་སྒྲིག་ཆས།སྤྱི་ཚོགས་བྱ་གཞག་དམངས་འཚོ་ལེགས་བཅོས།ཁོར་ཡུག་འཕེལ་རྒྱས་སོགས་ཀྱི་ལོ་འཁོར་གྱི་དམིགས་ཚད་སྣ་ལྔ་གཙོ་བོ་བྱས་ནས་གྲོས་མོལ་གྲོས་བསྡུར་བྱས།དཔལ་འབྱོར་བཟོ་ཚོང་དང་།མི་རིགས་ཆོས་ལུགས་ལས་རིགས་ཁག་གི་ཨུ་ཡོན་སོགས་རྩ་འཛུགས་བྱས་ནས་གྲོས་བསྡུར་བྱས་པ།སྲིད་གྲོས་ཀྱི་ཨུ་ཡོན་༡༥ཡིས་ཆེད་དོན་གྱི་གཏམ་བཤད་བྱས་པ་དང་།སྤྱི་ཚུལ་དམངས་འདོད་ཀྱི་ཞུ་ཡིག་༢༥འབུལ་བ་དང་།འབྲོག་མིའི་གཞིས་ཆགས་དང་།ཆུ་གློག་གསར་སྤེལ་།གནད་ཆེའི་རྣམ་གྲངས་ཀྱི་ནོར་སྲིད་གཏོང་འཇོག་སོགས་ཀྱི་ཐད་ལ་བསམ་འཆར་དང་གྲོས་འགོ་༥༨འདོན་་ཡོད།བསམ་འཆར་དང་གྲོས་འགོ་མང་ཤོས་སྤྱི་ཁོག་དཔལ་འབྱོར་རྒུད་འཇོག་མྱུར་སྤེལ་དང་།ཁྱོན་ཡོངས་ཡར་སྤེལ་ཡོང་བའི་རྩ་བའི་དབྱེ་འབྱེད་ལ་གཞི་བྱས་ནས་།དེང་རབས་ཁྲིད་སྟོན་གྱི་རང་བཞིན་དང་ལག་ལེན་བཀོད་སྤྱོད་ཀྱི་རང་བཞིན་ལྡན་པས།གྲོས་ཚོགས་གྲོལ་རྗེས་《ཨུ་ཡོན་གྱི་བསམ་འཆར་གྱི་གནད་བཤུལ་》བརྒྱུད་ནས་ཏང་སྲིད་དང་འབྲེལ་ཡོད་ཀྱི་སྡེ་ཁག་ལ་ཡར་ཞུ་བྱས་ཤིང་།བསམ་འཆར་དང་གྲོས་འགོ་མང་པོ་མཐོང་ཆེན་དང་བསྡུ་ལེན་ཐོབ་ཡོད།     
  • ལེ་ཚན་སྔོན་མ།:བསམ་པ་གཅིག་མཐུན་གྱིས་དཀའ་སྤྱད་འབད་བརྩོན་བྱས་ན་དོན་དག་ངང་ནས་འགྲུབ་ཡོང་གསུངས།
  • ལེ་ཚན་རྗེས་མ།:ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྐབས་བཅུ་གཅིག་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་
  • དོ་སྣང་ཆེ་བའི་རྩོམ།