རྒྱལ་སྤྱིའི་རྩོམ་རིག་གར་སྟེགས་ཐོག་ཏུ་བསྐྱོད་བཞིན་པའི་རྩོམ་པ་པོ་འཇམ་དབྱངས་ཚེ་རིང་།

        2016-05-10

 རྒྱལ་སྤྱིའི་རྩོམ་རིག་གར་སྟེགས་ཐོག་ཏུ་བསྐྱོད་བཞིན་པའི་རྩོམ་པ་པོ་འཇམ་དབྱངས་ཚེ་རིང་།
འཇམ་དབྱངས་ཚེ་རིང་ལགས་ནི་བོད་ཀྱི་ན་གཞོན་རྩོམ་པ་པོ་དང་སྙན་ངག་པ་གྲགས་ཅན་ཡིན། ཁོ་བོའི་སྙན་ངག་དག་༡༩༩༧ལོའི་ཀྲུང་གོའི་སྙན་ངག་ལོ་རིམ་མེ་ལོང་དང་མཚོ་སྔོན་སྙན་ངག་ལོ་རིམ་མེ་ལོང་། ཀྲུང་ཧཱ་རྩོམ་རིག་བཏུས་དེབ། ༢༠༡༢ལོ་འཁོར་གྱི་ཀྲུང་གོའི་དམངས་དེབ་སྙན་ངག་ཟླ་དེབ་ཀྱི་ལོ་བདམས་སོགས་སུ་སྤེལ།
 ལྷུག་རྩོམ་བརྩམས་ཆོས་དག་སྙན་ངག་དུས་དེབ་དང་སྐར་ཚོམ་དུས་དེབ། ཨ་རིའི་རྒྱ་སྐད་དུས་དེབ་སྐམ་ས་ཆེན་མོ་གསར་བ། མཚོ་སྔོན་པོ། ཧྲང་ཧེ་རྩོམ་རིག ནུབ་རྒྱུད། རྨ་ཆུ་རྩོམ་རིག་སོགས་རྒྱ་ཕྱི་ནང་གི་དུས་དེབ་དག་ཏུ་སྤེལ། ལྷུག་རྩོམ་ཁམས་པའི་ཟིན་བྲིས་ཞེས་པ་༢༠༡༢དང་༢༠༡༤ལོའི་ཀྲུང་གོ་ལྷུག་རྩོམ་གཅེས་བཏུས་སུ་བདམས།
 སྒྲུང་རིང་ལུས་དང་མི་འབྲལ་བའི་རྡོ་ཞེས་པ་༢༠༠༨ལོར་ཀྲང་ཧྲན་དུས་དེབ་ཐོག་ཏུ་བཀོད། དེ་ནི་ཡུལ་ཤུལ་ལོ་རྒྱུས་ཐོག་བོད་རིགས་ཀྱིས་རྒྱ་ཡིག་གི་ལམ་ནས་བྲིས་པའི་སྒྲུང་རིང་ཐོག་མ་ཡིན། སྒྲུང་རིང་སྐྱ་འཕུར་ཞེས་པ་༢༠༡༣ལོར་ཀྲང་ཧྲན་དེབ་གསུམ་པར་བཀོད་ལ། ༢༠༡༥ལོར་སེར་སྨུག﹒སྐབས་དང་པོ་ཀྲང་ཧྲན་རྩོམ་རིག་བྱ་དགའ་ལས་སྒྲུང་རིང་བྱ་དགའ་ཐོབ། སྒྲུང་རིང་ཁམས་པའི་ཉམས་འགྱུར་ཞེས་པ་སྒྲུང་རིང་གཅེས་བཏུས་དུས་དེབ་ཐོག་ཏུ་བདམས། དེ་ནི་དུས་དེབ་དེར་བདམས་པའི་མཚོ་སྔོན་གྱི་རྩོམ་པ་པོས་བྲིས་པའི་སྒྲུང་རིང་ཐོག་མ་ཡིན། མའོ་ཏུང་རྩོམ་རིག་བྱ་དགའི་འོས་འདེམ་གྲས་སུ་ཚུད་ལ། ཀྲུང་གོའི་ལོ་ཙཱ་ཀུང་སིས་དབྱིན་ཡིག་ལ་བསྒྱུར་ཏེ་རྒྱལ་སྤྱིའི་ཐོག་འགྲེམ་སྤེལ་བྱས། དེ་ནི་ཡུལ་ཤུལ་ལོ་རྒྱུས་ཐོག་བོད་རིགས་རྩོམ་པ་པོས་རྒྱ་ཡིག་གི་ལམ་ནས་བྲིས་པར་དབྱིན་ཡིག་ཏུ་བསྒྱུར་ཏེ་རྒྱལ་སྤྱི་ཐོག་འགྲེམ་སྤེལ་བྱས་པའི་སྒྲུང་རིང་ཐོག་མ་ཡིན། གཞན་སྒྲུང་རིང་དེ་རྒྱལ་སྤྱིའི་སྐད་རིགས་དུ་མར་བསྒྱུར་བའི་གན་རྒྱ་བཞག སྒྲུང་ཐུང་མེ་ལྟར་ཚ་བའི་རྟ་སྒ་ཞེས་པ་སྐབས་བཅུ་གཉིས་པའི་བརྩམས་ཆོས་དུས་དེབ་ཀྱི་བརྩམས་ཆོས་བྱ་དགའ་ཐོབ། སྒྲུང་ཐུང་ཡ་རུ་ཀོ་བ་ཞེས་པ་ཟླ་བཅུ་དུས་དེབ་ཀྱི་ནོར་ནག་རིག་གནས་ཆེད་དེབ་ལས་སྒྲུང་ཐུང་བྱ་དགའ་ཐོབ། རྩོམ་སྒྲུང་ཟླ་ཚགས་དང་ཀྲུང་ཧཱ་རྩོམ་རིག་བཏུས་དེབ་སོགས་ལ་སྒྲུང་ཐུང་མང་པོ་སྤེལ། མ་ཚད་ཐེ་ཝན་ཤོག་དྲིལ་ཁྲིའི་ཐོག་རྩེག་དཔེ་ཆ་ཀུང་སིས་དཔེ་སྐྲུན་བྱས་པའི་དེང་རབས་བོད་ལྗོངས་རྒྱ་ཡིག་རྩོམ་རིག་ལེགས་བཏུས་༡༩༨༣---༢༠༡༣ཞེས་པ་རུ་བདམས།
  • ལེ་ཚན་སྔོན་མ།:དཀོན་མཆོག་རྡོ་རྗེ།
  • ལེ་ཚན་རྗེས་མ།:སྐད་གསུམ་གྱི་གཤོག་ཟུང་གིས་ནམ་འཕང་གཅོད་བཞིན་པའི་རིགས་ཀྱི་བུ།