ཡུལ་ཤུལ་ཁུལ་གྱི་འབུམ་རམས་པ་ཆེས་ཐོག་མ་སྒ་ཟླ་བ་ཚེ་རིང་།

        2016-05-10

ཡུལ་ཤུལ་ཁུལ་གྱི་འབུམ་རམས་པ་ཆེས་ཐོག་མ་སྒ་ཟླ་བ་ཚེ་རིང་།
སྐུ་ཞབས་ཟླ་བ་ཚེ་རིང་གི་མིང་གཞན་ལ་སྒ་ཟླ་བ་ཚེ་རིང་ཁོང་ནི༡༩༦༤ལོར་ཡུལ་ཤུལ་ཁྲི་འདུ་རྫོང་ཁྲི་དབང་ཤམ་དིང་འབུལ་གྲོང་ལ་སྐྱེས། སྤྱི་ལོ༡༩༧༢ནས་བཟུང་ས་གནས་ཀྱི་སློབ་ཆུང་དང་སློབ་འབྲིང་། མཐོ་འབྲིང་དུ་སློབ་པ་དོན་དུ་གཉེར་ཞིང་། སྤྱི་ལོ༡༩༨༤ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་བོད་ཡིག་སྡེ་ཁག་ནས་སློབ་སྦྱོང་བྱས་ཏེ་བོད་ཀྱི་སྐད་ཡིག་རྩོམ་རིག་གི་ཤེས་རམས་པའི་མཚན་བཏགས་ཐོབ། སྤྱི་ལོ༡༩༩༠ཀམ་ཏུང་ཀྲུང་ཧྲམ་སློབ་གྲྭ་ཆེན་མོ་ནས་བགྲང་བྱ་གཅིག་གི་ཡུན་ལ་མིའི་རིགས་རིག་པ་སློབ་སྦྱོང་བྱས། སྤྱི་ལོ༡༩༩༨ལོའོ་བར་ཤམ་ཀམ་ཅན་ཧས་སློབ་གྲྭ་ཆེན་མོར༼ 香港浸会大学政治与国际关系学系 ༽ སློབ་སྦྱོང་བྱས་ཏེ་སྤྱི་ལོ་༢༠༠༠ལོར་མཚན་ཉིད་རིག་པའི་རམས་འབྱམས་པ་མཚན་བཏགས་ཐོབ།
 སྤྱི་ལོ༢༠༠༡ལོར་སླར་ཤམ་ཀམ་ཅན་ཧས་སློབ་གྲྭ་ཆེན་མོར་སློབ་སྦྱོང་བྱས་ཏེ་༢༠༠༤ལོར་མཚན་ཉིད་རིག་པའི་འབུམ་རམས་པའི་མཚན་བཏགས་ཐོབ། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ལོ་རྒྱུས་ཐོག་འབུམ་རམས་པ་ཆེས་མའི་མིང་བཞེས།
 ༢༠༠༤ནས༢༠༠༥བར་དབྱིན་ཇི་ཏྭ་ཝས་དགེ་མུ་སློབ་གླིང་ནས༼ 英国伦敦戴卫盖木学院 ་༽དབྱིན་སྐད་སློབ་སྦྱོང་བྱས། ༢༠༡༠ལོ་འཇར་ཕན་ཏ་གུ་སློབ་གྲྭ་ཆེན་མོ་ནང་བསྟན་ཞིབ་འཇུག་ལྟེ་གནས༼ 日本龙谷大学佛教研究中心 ༽ཞིབ་འཇུག་པའི་ལས་ཀ་བྱས་།
 ༡༩༨༨ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན་རྗེས། ད་བར་པེ་ཅིན་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་བོད་ཀྱི་ནང་བསྟན་ཆོས་ལུགས་རིག་གནས་དང་བོད་བརྒྱུད་ནང་བསྟན་སྤྲུལ་སྐུ་སྐོར་ཞིབ་འཇུག་བྱེད་མུས།
 བརྩམས་ཆོས་སྐོར།
 གཅིག སྒེར་རྩོམ་གྱི་སྐོར།
 ༡ བོད་ཀྱི་སྤྲུལ་སྐུའི་ཆབ་སྲིད་དང་ལོ་རྒྱུས་འཕེལ་རིམ། ༢ དེང་རབས་བོད་ཀྱི་སྤྲུལ་སྐུའི་དད་མོས་དང་སྤྱི་ཚོགས་ཀྱི་ཤུགས་རྐྱེན་ལ་དཔྱད་པ། ༣ བོད་ཀྱི་ནང་བསྟན་ཆོས་ལུགས་རིག་གནས། སྒྲིག་སྐོར་ལ་བོད་ཀྱི་སྤྲུལ་སྐུ་ལམ་ལུགས་ཆེད་རྩོམ་ཕྱོགས་སྒྲིག༢༠༠༧ལོ།ལ་སོགས།
 གཉིས། མཉམ་བརྩམས་གྱི་སྐོར།
 ༡ ལྷ་ས་ལོ་བཞི་བཅུའི་འགྱུར་ལྡོགཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།  ༢ ཆབ་མདོ་ལོ་རྒྱུས་དང་དེང་རབས། ༣ ལྷ་སའི་དེབ། ༤ ཀྲུང་གོའི་བོད་ས་ཁུལ་དེང་རབས་ཅན། ༥ ལྷ་ས་ལོ་བཅུའི་འགྱུར་ལྡོག
 གསུམ། དཔྱད་རྩོམ་གྱི་སྐོར།
 ༡ བོད་ཀྱི་སྒྲུང་རྩོམ་གྱི་བྱུང་འཕེལ་སྐོར་རགས་ཙམ་གླེང་བ། ༢ གསེར་རྟ་འབྲོག་ཁུལ་མིའི་རིགས་རིག་པའི་བརྟག་དཔྱད་སྙན་ཞུ་ཡོ་རོལ་ཚོ་བའི་སྤྱི་ཚོགས་དང་རིག་གནས། ༣ རྒྱ་གར་ལོ་ཙཱ་བ་སྨྲི་ཏི་ཛྙྭ་ན་ཀིརྟི། ༤ བོད་ཀྱི་གནའ་རབས་སྒྲུང་རྩོམ་གྱི་བྱུང་བ་དང་འཕེལ་རྒྱས་སྐོར་དཔྱད་པ། ༥ ཀརྨ་བཀའ་བརྒྱུད་གདན་ས་ཀརྨ་དགོན་གྱི་མཐོང་ཐོས། ༦ བོད་ཀྱི་དམངས་ཁྲོད་ཆོས་དད་རིག་གནས། ༧ བོད་ལྗོངས་སྲོལ་རྒྱུན་རིག་གནས་དང་དེང་རབས་ཅན། ༨ མངའ་རིས་དང་ཞང་ཞོང་ས་མིང་སྐོར་དཔྱད་པ། ༩ སྐལ་བཟང་དགོན་པའི་བདེ་བ་ཅན་གྱི་དུར་ཁྲོད་རིག་གནས་གླེང་བ་སོགས་ཀྲུང་གོའི་བོད་རིག་པ་དང་བོད་ལྗོང་ས་ཞིབ་འཇུག བོད་ལྗོངས་སློབ་ཆེན་གྱི་རིག་གཞུང་དུས་དེབ། བོད་ལྗོངས་རྒྱུ་རྩལ་ཞིབ་འཇུག་བཅས་ལྟེ་གནས་དུས་དེབ་ཏུ་སྤེལ།
 བཞི། བསྒྱུར་རྩོམ་གྱི་སྐོར།
 ༡ འབྲས་སྤུངས་དགོན་པའི་སྒྲིག་འཛུགས་དང་ཆོས་ཐོག ༢ བོད་རིགས་དབྱིབས་བཟོའི་སྒྱུ་རྩལ། ༼ རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར། ༽ ༣ བོད་ཡུལ་གྱི་སྤྲུལ་སྐུ། ༼ དབྱིན་ཡིག་ནས་རྒྱ་ཡིག་ཏུ་བསྒྱུར། ༽ ༤ ནང་པའི་ཚད་མ་རིག་པའི་ལོ་རྒྱུས།༼ བོད་ཡིག་ནས་རྒྱ་ཡིག་ཏུ་བསྒྱུར། ༽ ༥ འབྲས་སྤུངས་ཆོས་འབྱུང་།༼ བོད་ཡིག་ནས་རྒྱ་ཡིག་ཏུ་བསྒྱུར། ༽༦ ༼ འབྲས་སྤུངས་དགེ་བཤེས་ཕྱི་རྒྱ་ནས་བྲིས་པའི་འབྲས་སྤུངས་ལོ་རྒྱུས་རྒྱས་པ།༽སོགས་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་དང་བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག སྤྲུལ་སྐུ་ཞིབ་འཇུག་ཆེད་རྩོམ་ཕྱོགས་བསྒྲིགས། བོད་བརྒྱུད་ཚད་མ་རིག་པའི་ཞིབ་འཇུག་སོགས་དུས་དེབ་དང་དཔེ་ཆ་ཐོག་ཏུ་བཀོད། 
  • ལེ་ཚན་སྔོན་མ།:རྒྱལ་སྤྱིའི་རི་མོའི་སྒྱུ་རྩལ་གླིང་དུ་གོམ་པ་དང་པོ་སྤོ་མཁན་ཡུལ་ཤུལ་གྱི་རི་མོ་བ་པད་དཀར།
  • ལེ་ཚན་རྗེས་མ།:ཚ་རོང་གླུ་ཡི་སྲས་མོ། རྒྱལ་མོ་ཚ་བ་རོང་པའི་གླུ་མ་བསྟན་པ་དབང་མོའི་གནས་ཚུལ་ཆེད་བཀོད།
  • དོ་སྣང་ཆེ་བའི་རྩོམ།