ཨ་མྱེས་རྨ་ཆེན།

    ཀྲུང་གོ་བོད་ཀྱི་དྲ་བ།    2011-01-20

ཨ་མྱེས་རྨ་ཆེན།

 ཨ་མྱེས་རྨ་ཆེན་ནི།མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་ཁོངས་སུ་ཡོད་ལ།དེ་ལ་རྨ་རྒྱལ་སྦོམ་ར་དང་རྨ་རྒྱལ་གངས་རིའང་ཟེར།རྒྱ་མཚོའི་ངོས་ལས་རྨིད་དྲུག་སྟོང་ཉིས་བརྒྱ་གྱ་གཉིས་ཀྱིས་མཐོ་བ་ཡོད།སྲིད་པ་ཆགས་པའི་ལྷ་དགུའི་ནང་གསེས་གཞི་བདག་མཐུ་བོ་ཆེ་ཨ་མྱེས་རྨ་ཆེན་གྱི་གནས་རི་ཡིན་པར་བཤད།འདི་ནི་མདོ་ཁམས་ཀྱི་བདག་པོ་ས་བཅུ་པ་ཐོབ་པར་གྲགས་ཤིང་།ཁོང་ལ་སྲས་དང་སྲས་མོ་མང་བ་ལས།དེ་དང་དེའི་གནས་རི་ནི་བོད་ཁམས་ཀུན་ལ་ཁྱབ་ཡོད་དོ།  །

  • ལེ་ཚན་སྔོན་མ།:བོད་ཀྱི་གནས་ཆེན་ཤར་རྒྱལ་མོའི་དམུ་རྡོའི་ངོ་སྤྲོད་མདོར་བསྡུས།
  • ལེ་ཚན་རྗེས་མ།:ཡིད་དབང་འཕྲོག་པའི་གངས་རི་གནམ་ལྕགས་འབར་བའི་བརྗིད་ཉམས།