ཡབ་ཆེན་དུས་ཆེན་གྱི་བྱུང་རིམ།

        2016-06-21

འཛམ་གླིང་ཐོག་ཡབ་ཆེན་དུས་ཆེན་ཐོག་མ་དེ1910ལོར་ཨ་མེ་རི་ཀ་རུ་དར་ཁྱབ་བྱུང་ངོ་།།1909ལོར་ཧྭ་ཧྲིའི་ཏུན་རུ་པོའོ་ལོ་སྲེ་ཏོ་རྡེ་ཞེས་པའི་མི་དེའི་ལྕམ་གྱིས་མ་ཡུམ་དུས་ཆེན་ལ་དགའ་སྟོན་རྟེན་འབྲེལ་ཞུ་བའི་སྐབས་སུ་གློ་བུར་དུ་འཆར་སྒོ་ཞིག་བྱུང་བ་སྟེ་མ་ཡུམ་དུས་ཆེན་ཡོད་པ་ན་ཡབ་ལ་དུས་ཆེན་མེད་པ་གང་ཡིན་ནམ་སྙམ།ཏོ་རྡེ་ལྕམ་ལ་གཅུང་པོ་ལྔ་ཡོད་ཅིང་ཡུམ་ནི་ཁོ་ཚོ་ལོ་ན་ཆུང་དུས་ནས་སྐུ་ཚེ་ལས་འདས་པས་ཁོ་ཚོ་ནི་བྱམས་བརྩེ་ལྡན་པའི་ཡབ་ཆེན་གཅིག་པུས་གསོ་སྐྱོང་གནང་ནས་ལོ་ངོ་མང་པོ་འདས་རྗེས་གཅེན་གཅུང་དྲུག་པོའི་སེམས་ལ་རྣམ་ཀུན་ཡབ་ཀྱི་འཁྲུངས་སྐར་ལ་ཡབ་ཆེན་མཆོག་གིས་དཀའ་སྤྱད་སྡུག་ཁུར་བྱས་ནས་ཁྱིམ་ཚང་བསྐྱངས་བའི་སྣང་ཚུལ་དེ་ཝ་ལེར་འཆར།  ཁོ་མོས་འབུམ་རམས་པ་ལྷ་སྲེ་མ་སྲེ་མཆོག་གི་རྒྱབ་སྐྱོར་འོག་གླིང་སྲིད་གཞུང་ལ་ཡབ་གྱི་དུས་ཆེན་གསར་འཛུགས་དང་དུས་ཆེན་དེ་ཁོ་མོའི་ཡབ་གྱི་འཁྲུངས་སྐར་ཏེ་ཟླ་བ་དྲུག་པའི་ཚེས་ལྔ་ལ་གཏན་ཁེལ་བཟོ་བའི་འབོད་སྐུལ་ཞུ་ཡིག་བཞག  སྲིད་གཞུང་ནས་ཁོ་མོའི་བསམ་འཆར་དང་ལེན་བྱས་ནས་བྲེལ་འཚུབ་ངང་ཉིན16རྗེས་ཡབ་གྱི་དུས་ཆེན་ཡིན་ཞེས་གསུངས་པས།  ཉིན་དེ་ནི1909ལོའི་ཟླ་བ་དྲུག་པའི་གཟའ་འཁོར་གསུམ་པའི་རེ་གཟའ་ཉི་མ་ཉིན་ཡིན། ལོ་དེར་ཏོ་རྡེ་གནས་སའི་སྲེ་ཕོའོ་ཁཱ་གྲོང་ཁྱེར་དུ་ཡབ་ཀྱི་དུས་ཆེན་ལ་རྟེན་འབྲེལ་ཞུ་བར་མ་ཟད་གྲོང་ཁྱེར་འགོ་འཛིན་གྱིས་ཉིན་དེར་གླིང་འདིའི་ཡབ་ཀྱི་དུས་ཆེན་ལ་ངོ་འཛིན་བྱ་དགོས་པའི་ཁྱབ་བསྒྲགས་གནང་བ་དང་རྗེས་སུ་གླིང་གཞན་ཡང་དེ་ལྟར་བྱེད་པའི་སྐུལ་མ་བཏང་།ཡབ་ཀྱི་དུས་ཆེན་ཉིན་མོར་མི་རྣམས་ཀྱིས་དམིགས་བཙུགས་གསར་སྐྱེས་མེ་ཏོག་འདེམས་ཀྱི་ཡོད་པ་དེས་ཡབ་ཆེན་མཆོག་ལ་གུས་བཀུར་བྱས་པ་མཚོན་ལ་མི་རྣམས་ཀྱི་ཏོ་རྡེའི་ལྕམ་གྱི་བསམ་ཚུལ་དང་ལེན་བྱས་ནས་རྒྱ་ཟེར་མེ་ཏོག་དམར་པོ་འདོགས་པ་དེས་ཡབ་ཆེན་རྣམ་པ་ལ་དགའ་གུས་བྱས་པ་མཚོན་ཞིང་། རྒྱ་ཟེར་མེ་ཏོག་དཀར་པོ་འདོགས་པ་དེའི་སྐུ་ཞིང་ཕེབས་པའི་ཡབ་རྣམས་ལ་མྱ་ངན་ཞུས་པ་མཚོན། ཕྱིས་སུ་ཝའི་ཀེ་ཧྭ་རུ་མི་རྣམ་པས་ལི་ཤི་འདོགས་སྲོལ་ཞིག་ཀྱང་བྱུང་། པེའི་ཤེ་ཧྥ་ནེ་ཡའི་མི་རྣམས་ཀྱི་ཡབ་ཀྱི་དུས་ཆེན་ཚད་ལྡན་ཞིག་ཡོང་ཆེད་ཕྱོགས་གང་གི་ཐད་ནས་ཡབ་ཀྱི་དུས་ཆེན་ཁས་ལེན་གནང་བའི་རེ་བ་ཤུགས་ཆེན་ཞུས་པས1972ལོར་ཙུང་ཐུང་ཉེ་ཁུ་སྲོང་གིས་དངོས་སུ་ཡབ་ཀྱི་དུས་ཆེན་གསར་འཛུགས་བྱེད་པའི་གྲོས་ཚོགས་ལ་གྲོས་ཆོད་བྱུང་བའི་མིང་འགོད་གནང་བར་མ་ཟད་ད་བར་སྲོལ་དེ་གནས་ཡོད་དོ།།
  • ལེ་ཚན་སྔོན་མ།:དམངས་ཁྲོད་ཀྱི་གཏམ་དཔེ།
  • ལེ་ཚན་རྗེས་མ།:འབྲུག་མོ་དང་འབྲེལ་བའི་གཏམ་རྒྱུད་ཅིག